སི་ཁྲོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱས་ནས“སྔོ་ཞིང་དྭངས་པའི་རི་ཆུ”སྲུང་སྐྱོང་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཨུད་སྒྱུར་བཅོས་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་པོ་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལག་བསྟར་ལ་སྒྱུར་བཅོས་ཇུས་གཞི་ཁག19བཏོན་པས་སྒྱུར་བཅོས་ལ་བརྟེན་ནས“སྔོ་ཞིང་དྭངས་པའི་རི་ཆུ”སྲུང་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོའི་ལོ་སྟོད་དུ། སི་ཁྲོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས87.3%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས3.1འཕར་ཡོད།

སི་ཁྲོན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དམིགས་ཚད་ཀྱི་གདེང་འཇོག་དཔྱད་ཞིབ་ལམ་ལུགས་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་རྟགས་མ་ལག་བཙུགས་ནས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཆུ་དཔོན་ཁྲི10ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། 《སི་ཁྲོན་ཞིང་ཆེན་གྱི“གཙང་གསུམ”རྒྱུག་ཁུལ་གྱི་ཆུའི་ཁོར་ཡུག་གི་སྣོད་བཅུད་སྐྱིན་གསབ་བྱ་ཐབས》བཟོས་ནས་ལག་བསྟར་བྱས་པ། གཙོ་གནད་ཀྱི་གཙང་པོ་རྒྱུག་ཁུལ་གྱི་ཆུའི་ཁོར་ཡུག་གི་སྐྱིན་གསབ་ལམ་ལུགས་བཟོས་པ། ཁྲུང་ཆིང་དང་ཡུན་ནན་དང་གཙང་པོ་དང་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་མཉམ་འགུལ་ལམ་སྲོལ་བཙུཌ་ཡོད། སི་ཁྲོན་གྱིས་ད་དུང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་ཆོག་འཐུས་གསལ་ཐོ་བཟོས་པ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་ལ་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་ཡང་བཙུགས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།