དཀར་མཛེས་ཡུལ་གྱི་གེ་སར་རྒྱལ་པོའི་མཁར་རྫོང་ནས་སེང་ལྕམ་འབྲུག་མོ་འཚོལ་བ།

W020190808569311203890.jpg

འདི་ནི་སེང་ལྕམ་འབྲུག་མོའི་ཐང་ག་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ནས་ཟླ8པའི་ཚེས8ཉིན་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་སྐབས་དང་པོའི་ཀྲུང་གོའི་དཀར་མཛེས་ཡུལ་གྱི་གེ་སར་རྒྱལ་པོའི་མཁར་རྫོང་གི་ཡུལ་སྐོར་གཟུགས་བརྙན་གཞུང་ཚབ་ཆེན་མོ་སྟེ་འབྲུག་མོའི་འདེམས་སྒྲུག་འགྲན་བསྡུར་སྤེལ། བོད་རང་སྐྱོང་ལྗོངས་དང་སི་ཁྲོན།  ཡུན་ནན།  མཚོ་སྔོན།  ཀན་སུའུ་སོགས་བོད་ཁུལ་ཞིང་ཆེན་བཞི་ལ་ཁ་ཕྱོགས་ནས་ཡུལ་སྐོར་གཟུགས་བརྙན་གཞུང་ཚབ་ཆེན་མོ་བཙལ།

《གེ་སར་རྒྱལ་པོ》ནི་རང་རྒྱལ་གནའ་དུས་བོད་རིགས་མེས་པོ་དག་གིས་གསར་རྩོམ་གནང་བའི་མི་སེམས་གཡོ་བར་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན། དེ་ལ་ཤར་ཕྱོགས་ཀྱི་ཨེ་ལའེ་ཨ་ཐི་ཞེས་པའི་མཚན་སྙན་ཡོད། གེ་སར་རྒྱལ་པོ་ནི་བོད་རིགས་མང་ཚོགས་ཀྱི་སེམས་ཁོང་དུ་ནག་པོའི་མགོ་མནོན་ཅིང་དཀར་ཕྱོགས་སྤེལ་བར་བྱེད་པའི་འགྲན་ཟླ་མེད་པའི་དཔའ་བོ་ཞིག་ཡིན་པ་དང་། ཁོང་གི་ལྕམ་འབྲུག་མོ་ནི་གཟུགས་མཛེས་ལ་ཐུགས་མཛངས་པའི་སྒེག་མོ་དཔེ་མེད་ཅིག་རེད། གེ་སར་རིག་གནས་ལོ་ངོ་སྟོང་ཕྲག་རིང་བརྒྱུད་ནས་ཡོང་བ་དང་། ད་དུང་ཡང་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

W020190808569311362271.jpg

འདི་ནི་གེ་སར་རྒྱལ་པོའི་མཁར་རྫོང་གི་ནང་རོལ་རེད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་གེ་སར་རྒྱལ་པོའི་སྐོར་གྱི་ངག་རྒྱུན་དང་གནས་ཤུལ་ཧ་ཅང་མང་པོ་ཞིག་ཡོད། གེ་སར་རིག་གནས་སྔོག་འདོན་གཏིང་ཟབ་མོ་བྱེད་པ་དང་། གེ་སར་རིག་གནས་ཀྱི་རྟགས་མ་སྐྲུན་པ། གེ་སར་རིག་གནས་ཀྱི་ཚོང་ར་འཕྲོག་པ་བཅས་ཀྱི་ཆེད་དང་། དེ་དང་ཆབས་ཅིག་ད་དུང་དབུལ་སྐྱོར་ཐོན་ལས་གསོ་སྤེལ་དང་ཡུལ་སྐོར་འབྲེལ་མཐུད་ནུས་པ་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་བསྒྱུར་སྤེལ་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ།   དཀར་མཛེས་རྫོང་གིས་འགྲིམ་འགྲུལ་དང་ས་གནས། ཐོན་ཁུངས་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། གེ་སར་རིག་གནས་བརྗོད་སྙིང་དུ་བཟུང་ནས།  “གྲོང་བརྒྱའི་ཐོན་ལས་རྟེན་གཞི”བརྒྱུད་ཏེ།  2016ལོར་གེ་སར་རིག་གནས་ཀྱི་གནད་ཁེལ་དབུལ་སྐྱོར་གྲོང་བརྒྱའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་སྤེལ་བ་སྟེ།  གེ་སར་རྒྱལ་པོའི་མཁར་རྫོང་འཛུགས་སྐྲུན་གྱི་རྣམ་གྲངས་སྤེལ། 

རྒྱུས་ལོན་བྱས་པ་ལྟར་ན། རྣམ་གྲངས་འདིར་བདམས་པའི་ས་གནས་ནི་དཀར་མཛེས་རྫོང་གྲོང་ཁྱེར་གྱི་ཤར་ལྷོའི་ཁུལ་དུ་ཡོད་ཅིང་། བྱང་ཕྱོགས་ནི་རྒྱལ་ལམ317དང་ཉེ་ལ། ལྷོ་ཕྱོགས་ནི་ཉག་ཆུ་དང་ཉེ། རྒྱལ་ལམ317བརྒྱུད་པ་ནས་གེ་སར་གནམ་གྲུ་ཐང་བར་ཧ་ལམ་སྤྱི་ལེ45ཡོད་ལ།  རྣམ་གྲངས་འདིས་ཟིན་པའི་སའི་རྒྱ་ཁྱོན་ལ་མུའུ1455ཡོད།  མ་དངུལ་སྒོར་དུང་ཕྱུར6.3བཏང་བ་དང་། 2018ལོའི་ཟླ12པར་ལེགས་འགྲུབ་བྱུང་། སྔོན་དཔག་ལྟར་ན་ད་ལོར་གེ་སར་གནམ་གྲུ་ཐང་དང་མཉམ་དུ་སྒོ་འབྱེད་རྒྱུ་རེད།

W020190808569311368918.jpg

འདི་ནི་གེ་སར་རྒྱལ་པོའི་མཁར་རྫོང་གི་ནང་རོལ་རེད།

དཀར་མཛེས་རྫོང་གིས་ས་གནས་ཀྱི་ལེགས་ཆ་དང་རིག་གནས་ཀྱི་ལེགས་ཆ་མུ་མཐུད་སྔོག་འདོན་བྱས་ཏེ། གེ་སར་གནམ་གྲུ་ཐང་ཤར་གཏོང་ཐུབ་པ་དང་ཁྲོ་ལ་ཕུག་ལམ་བརྒྱུད་ཐུབ་པའི་གོ་སྐབས་དམ་འཛིན་བྱས་ནས། སྔོན་ཚུད་ནས་“གནམ་གྲུ་+”ཐོན་ལས་འཕེལ་རྒྱས་ཀྱི་ཇུས་གཞི་བཀོད། དབུལ་སྐྱོར་སྲིད་ཇུས་ལ་བརྟེན་ནས། དབུལ་ཕོངས་གྲོང་ཚོ128ལ་དུས་མཉམ་དུ་དྲོད་ལེན་ཐུབ་པ་བྱས་པས། དབུལ་ཕོངས་གྲོང་ཚོ་སོ་སོས་དངོས་གཟུགས་ཐོན་ལས་འཕེལ་རྒྱས་གཏོང་བར་དཔའ་ཁེར་རྒྱུགས་བྱེད་པའི་སྔར་སྲོལ་གྱི་རྣམ་པ་བསྒྱུར། གེ་སར་རྒྱལ་པོའི་མཁར་རྫོང་དེ་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ་རྩ་བ་ནས་དབུལ་ཕོངས་ལས་ཐར་བའི་ཐོན་ལས་ཀྱི་ཀ་བ་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ་པར་འབད་པ་བྱས།

W020190808569311361546.jpg

འདི་ནི་གེ་སར་རྒྱལ་པོའི་མཁར་རྫོང་གི་ནང་རོལ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གེ་སར་རྒྱལ་པོའིི་མཁར་རྫོང་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་སྒོ་ཕྱེ་རྗེས། ཡུལ་སྐོར་བས་གནས་འདི་ནས་ས་གནས་དེ་གའི་ཁྱད་ལྡན་ཟས་མཆོག་ཟ་ཐུབ་པར་མ་ཟད། བོད་ལུགས་ཀྱི་མགྲོན་ཁང་སྤུས་ལེགས་ནང་སྡོད་ཐུབ་པ་དང་། ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར་རྒྱལ་པོ》ཡི་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་རྣམ་པར་བལྟ་ཐུབ། བོད་ཁུལ་ལ་ཁྱད་དུ་ཡོད་པའིི་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཉོས་ནས། ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར་རྒྱལ་པོ》ཡི་ཁྲོད་ཀྱི་དམངས་སྲོལ་རིག་གནས་ཉམས་སུ་མྱོང་ཆོག 《གེ་སར་རྒྱལ་པོ》ཡི་གཞས་མ་གཏམ་ལ་ཉན་ནས། 《གེ་སར་རྒྱལ་པོ》ཡི་ཟློས་གར་ལ་ལྟད་མོར་རོལ་ཆོག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།