སི་ཁྲོན་གྱིས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འྲིན།  ཚེས6ཉིན་གསར་འགོད་པར་སི་ཁྲོན་ཞིང་ཨུད་སྒྱུར་བཅོས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་ཀྱི་ཞིང་ཆེན་ཆེ་གྲས་ཤིག་ཡིན་པའི་སི་ཁྲོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། འགན་གཙང་ས་ཞིང“དབང་གསུམ་ལོགས་འཛུགས”དང་དེང་རབས་ཞིང་ལས་གླིང་འཛུགས་མགྱོགས་སུ་གཏོང་བ་སོགས་བྱེད་ཐབས་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེད་ནུས་ལྡན་བྱས་ཤིང། མིག་སྔར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་བྱེད་ཚད39.5%ཟིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས“ཁང་སའི་ལམ་ལུགས”དང་། “གྲོང་གསེབ་ཀྱི་ས་ཞིང་བསྡུ་ལེན”“མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ”བཅས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན3ལ་སྐུལ་འདེད་བཏང་བ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་འཛུགས་སྐྲུན་ས་ཆ་ཆེད་སྤྱོད་ཀྱི་འཆར་གཞི་བཀོད་དེ་གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག(རིན་འཕར)གི་ཁེ་བཟང་བགོ་བཤའི་ལམ་ལུགས་བཟོས་པ་དང་། ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་གིས་ཁང་སའི“ཁྲིམས་དང་མཐུན་ན་སྐྱིན་ཚབ་འཇལ་མི་དགོས་པ་དང་། གྲོན་ཆུང་བྱས་ན་བྱ་དགའ་སྤྲོད་པ། ས་ཆ་ཚད་ལས་བརྒལ་ཏེ་བཟུང་ན་སྐྱིན་ཚབ་འཇལ་དགོས་པ། ཕྱིར་འཐེན་བྱས་ན་ཁ་གསབ་སྤྲོད་རྒྱུ་ཡིན་པ”བཅས་ཀྱི་བཀོལ་སྤྱོད་ལམ་ལུགས་དང“འཆར་འགོད་སྣེ་ཁྲིད་དང་། སྤྱི་འབོར་ལ་དོ་དམ་ཚོད་འཛིན། བརྗེ་རེས་རིན་སྤྲོད། གྲོང་མི་རང་སྐྱོང”བཅས་ཀྱི་དོ་དམ་ལམ་ལུགས་འཚོལ་ཞིབ་ཀྱིས་ཆགས་པར་བྱས་ཡོད། སྒྱུར་བཅོས་བྱ་ཐབས་དེ་དག་སྤྱད་ནས་གྲོང་གསེབ་དར་རྒྱས་ཆེད་ས་ཞིང་གཞི་རྒྱུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད།

དེ་དང་ཆབས་ཅིག་སི་ཁྲོན་གྱིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཞིང་ལས་ཀྱི་ཞིང་ཆེན་ཆེ་གྲས་ནས་ཞིང་ལས་ཀྱི་སྟོབས་ཆེན་ཞིང་ཆེན་དུ་མཆོང་སྐྱོད་བྱེད་བཞིན་ཡོད། སི་ཁྲོན་གྱིས་དེང་རབས་ཞིང་ལས་གླིང་འཛུགས་མགྱོགས་སུ་བཏང་སྟེ“སི་ཁྲོན་རྟགས་ཅན”གྱི་གྲགས་ཅན་སྤུས་རྟགས་བཏོད་ཅིང་། མིག་སྔར་རིམ་རྩིས་བྱས་ན“སྤུས་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས5320སྐྱེད་སྲིང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས342ཟིན་གྱི་ཡོད།

སི་ཁྲོན་གྱིས་ད་དུང་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་ཚོ་ཁྲི་4.3གྱི་དངུལ་དངོས་གཙང་བཤེར་བྱས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)97དུ་མཉམ་སྡེབ་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཡོད། སྒྱུར་བཅོས་དེ་དག་བྱས་པ་ལས་ས་གནས་ཀྱི་གྲོང་གསེབ་མང་པོ་ཞིག་གི་ཐོན་ཁུངས་རྒྱུ་ནོར་དུ་གྱུར་པ་དང་། མ་དངུལ་རྐང་དངུལ་དུ་གྱུར་པ། ཞིང་པ་རྐང་བདག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།