བོད་གདོད་མའི་སྐོར་བྲོའི་ཕ་ས། རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པའི་ཟུར་བྲིས།

1.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་སྐོར་བྲོའི་ཕ་ས་རུ་འབོད་པའི་འབར་ཁམས་གྲོང་ཁྱེར་དུ་རང་ཁུལ་གྱི་རྫོང་(གྲོང་ཁྱེར)ཁག་13གྱི་འཁྲབ་སྟོན་པ་693ལྷན་དུ་འཛོམས་ནས་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་བ་འབུམ་གྱིས་བསུས། 

2.jpg

 བོད་སྡེའི་དཔྱིད་སྟོན་དང་སྤང་ཐང་གི་འཇའ་ཚོན་ཞེས་པའི་སྐོར་བྲོའི་ཚན་པ་འདི་གཉིས་ལས་གནའ་བོའི་མི་རིགས་ཤིག་གི་རིག་གནས་ཀྱི་ཆ་མང་པོ་མངོན་ཡོང་སྟེ། འཁྲབ་སྟོན་པའི་ལུས་ཀྱི་རྒྱན་གོས་ལས་གནའ་བོའི་ཞང་ཞུང་གི་རྒྱན་གོས་ཀྱི་ཆ་བྱད་མང་པོ་གཟུགས་སུ་འཛིན་པ་འདྲེན་བྱེད་ཀྱི་མཐོང་སྣེ་ན་མངོན་ཡོང་ལ། དེ་དག་ལས་རྒྱུ་ཁུལ་དང་བལ། དར་སྐུད་སོགས་ཀྱིས་བྱས་ཞིང་། འཐག་དང་འཚེམ་གྱི་རྩལ་ལས་བྱུང་བའི་སྐེ་རགས་དང་མགོ་དཀྲིས་གཉིས་ལ་ལྷག་ཏུ་ཁྱད་ཆོས་ལྡན་ལ། གནའ་བོའི་ཞང་ཞུང་གི་ལག་རྩལ་ད་བར་དུ་རྒྱུད་འཛིན་བྱས་པའང་ཡིན། སྐོར་བྲོའི་ཚན་པ་དེ་གཉིས་ནི་ཏ་རྒ་གཏེ་ཞེས་པ་དེ། སྐོར་བྲོ་ཆེ་གྲས་སུ་གཏོགས་པ་དང་། དེའི་ནང་དུ་ཞང་ཞུང་གི་ཤོན་བྲོ་ཡི་རིགས་ཡོད་པར་བཤད་ལ། རྒྱལ་རོང་དུ་སྐོར་བྲོའི་རིག་གནས་དར་སྔ་བའང་སྐོར་བྲོའི་ཚིག་གི་ནང་དུ་ཞང་སྐད་ཡོད་པས་ཤེས་ཐུབ་སྟེ། དཔེར་ན་སྐོར་བྲོའི་ཚིག་ཏུ།  ཡེ་ཝོ་རབ་བརྟན་གསེར་གྱི་ས་གཞི་མན་གདལ་བདེ་ལེགས།། ཡེ་ཝོ་ཨ་ཨ་དཀར་ས་ལེ་འོད་ཨ་ཡཾ་ཨྰོྃྃ་འདུ།། ཞེས་པ་དང་། ས་དྲི་ཨེར་སང་ས་ལེ་འདོན་ཐྲ་གསུམ།། འདྲ་ཡུལ་སྤན་མ་ཧིང་ཤིང་ཧིང་ལ་ནུས།། ཞེས་པ་ལྟ་བུས་མཚོན། སྐོར་བྲོའི་ཚན་པ་དེ་གཉིས་ཀྱི་བདེ་མོའི་སྟངས་སྟབས་རེ་རེས་རྔ་ཁུལ་གྱི་འཕེལ་རྒྱས་ཀྱི་གོམ་འགྲོས་གསར་བ་མངོན་པར་སྤྲོས་པས། དེར་འདུས་ཀྱི་ལྟད་མོ་བ་དང་སྐུ་མགྲོན་ལྷན་རྒྱས་ཀྱི་ཡིད་ཀྱི་བརྟན་པ་གཡོ་བར་བྱས།   

3.jpg

ཆའང་རིགས་ཀྱི་སྐོར་བྲོ་ཆའང་རིའི་བཀྲ་ཤིས་ཆུ་འཛིན་ཞེས་པ་ཆའང་རིགས་ལ་དགའ་དུས་ཀྱི་སྐོར་བྲོ་དང་སྐྱོ་དུས་ཀྱི་སྐོར་བྲོ་ཞེས་སྐོར་བྲོ་རིགས་གཉིས་ཡོད་པ་ལས་དགའ་དུས་ཀྱི་སྐོར་བྲོའི་རིགས་སུ་གཏོགས་པ་དང་། འཁྲབ་སྟོན་པ་ཚོས་ལུས་སུ་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ལྭ་བ་གྱོན་ནས།  དབྱངས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་གར་གྱི་སྟངས་སྟབས་རྩེན། ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་དང་། རང་བྱུང་ཁམས་ལ་དད་མོས་བྱེད་པའི་ལྟ་གྲུབ་སྐོར་བྲོ་དེའི་སྲོག་ཏུ་བྱས་ཏེ། ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པའི་སྨོན་འདུན་བཟང་པོ་མཚོན་པར་བྱས།   

4.jpg

མེ་ཕུང་གི་མཐའ་བསྐོར་ནས་སྐོར་བྲོ་འཁྲབ་པ་ནི་སྲོལ་རྒྱུན་གྱི་སྐོར་བྲོ་འཁྲབ་ལུགས་ཤིག་ཡིན་ལ། བདེ་སྐྱིད་ལ་དགའ་བའི་མི་རིགས་ཤིག་གི་ངོས་ནས་བརྫོད་ན། དེས་སྡུག་གི་འཁྱག་རོམ་ཇི་སྲིད་ཞུ་བར་བྱས་ཏེ་སྐྱིད་ཀྱི་ཉི་འོད་འདྲེན་པའི་འདུན་མ་མཚོན་ལ། ཤེས་རིག་ལ་དུངས་པའི་མི་རིགས་ཤིག་གི་ངོས་ནས་བརྗོད་ན། དེ་ཡིས་མ་རིག་མུན་པ་མཐའ་རུ་བསྐྲད་དེ་རིག་གནས་དར་བའི་ཤིས་སྨོན་མཚོན། རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པ་མཇུག་སྒྲིལ་ལ་ཉེ་བའི་ཆར། མེ་ཕུང་གི་མཐའ་ནས་བསྐོར་བ་ནི་མི་རིགས་མཐུན་སྒྲིལ་གྱི་མཚོན་བྱེད་དུ་བྱས་ཏེ། དུས་བདེ་ཞིང་མི་རིགས་ཐམས་ཅད་མཐུན་པའི་རྟེན་འབྲེལ་དུ་འགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས་ཀྱིས། ང་དང་ངའི་མེས་རྒྱལ་ཞེས་པའི་སྐོར་བྲོ་མཉམ་དུ་འཁྲབ་བོ།

6.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།