2019ལོའི་ཤར་རྒྱལ་མོ་ཚ་བའི་རོང་གི་ང་ཡི་ཆང་གསོལ་རོགས་ཞེས་པའི་གསར་རྩོམ་རོལ་དབྱངས་དུས་སྟོན་སྐབས་གཉིས་པ་རགས་བཀོད།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་1ཉིན། ཤར་རྒྱལ་མོ་ཚ་བའི་རོང་གི་འབར་ཁམས་གྲོང་ཁྱེར་གྱི་མཆོང་རྒྱུག་ར་བར་2019ལོའི་ཤར་རྒྱལ་མོ་ཚ་བའི་རོང་གི་ང་ཡི་ཆང་གསོལ་རོགས་ཞེས་པའི་གསར་རྩོམ་རོལ་དབྱངས་དུས་སྟོན་སྐབས་གཉིས་པའི་ངག་སྒོ་ཕྱེས་པ་དང་། གླུ་བ་དང་གླུ་མ་གྲགས་ཆེན་མང་དུ་ཕེབས་ཏེ། གཞན་གསོའི་བུ་མོའི་གདངས་ལ་འགྲན་པའི་སྐད་ངག་གི་མཛེས་པས་ཕྱོགས་ཀྱི་མགྲོན་པོ་དག་གི་རྣ་བར་སྙན་པའི་བདུད་རྩི་འཇོ་ལ། སྐྱེ་བོ་ཀུན་གྱི་ཐུགས་ཡིད་དགྱེས་པའི་གསོས་སུ་སྨིན། 

གླུ་ལེན་གར་རྩེད་ཀྱི་མཚོ་མོ་འཁྱིལ། ཆ་ལུགས་ཆས་གོས་ཀྱི་དུས་བཟང་ཤར། ཕོ་སར་སྟག་འདྲ་ཚོས་ཕོ་ཉམས་ངོམ། སྨན་ཤར་ལྷ་མོ་འདྲ་བ་ཚོས་ཆ་བྱད་རྒྱན་བཟང་གི་མཛེས་པ་སྣ་ཚོགས་ལུས་ལ་བགོས་ཤིང་། སྐྱེ་གཟུགས་ཚིགས་དྲུག་སྙུག་མ་བཞིན། ཞལ་རས་དཀར་གསལ་ཟླ་བ་བཞིན། འཁྲུལ་ལྡེམ་ལུས་ཀྱི་ལང་ཚོ་ཁོ་ནས་ཀྱང་ཕྱོགས་ཀྱི་མགྲོན་པོ་དག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག

8_副本.jpg  

གཡུང་དྲུང་དབང་རྒྱལ།

9_副本.jpg

ཤེར་བསྟན།

2_副本.jpg

བསྟན་འཛིན་ཉི་མ།

7_副本.jpg

ཚེ་དབང་ལྷ་མོ། 

རེབ་འདིའི་རོལ་དབྱངས་དུས་སྟོན་དུ། ས་གནས་རང་གི་གླུ་བ་གཡུང་དྲུང་དབང་རྒྱལ་དང་། ཨ་ཏུང་། འཇམ་དབྱངས། ཆོས་རྒྱལ། སྒྲོན་ནེ། ཕུར་བ་སྐྱབས་སོགས་འདུག་ལ། གཞན་ཡང་བོད་གངས་ཅན་ན་མིང་དུ་གྲགས་པའི་གླུ་བ་ཤེར་བསྟན་དང་། བསྟན་འཛིན་ཉི་མ། ཚེ་དབང་ལྷ་མོ། གངས་བཞུགས། དབང་སྒྲོན་མཚོ་སོགས་མང་དུ་ཕེབས་འདུག

ཁོ་ཚོའི་ཤིན་ཏུ་སྙན་པའི་ངག་དང་། སྒེག་བརྒྱ་རྫོགས་པའི་ཉམས་དང་འགྱུར་བས་ལྟད་མོ་བ་ཀུན་གྱི་སེམས་པ་སྤྲོ་བས་བརྟས་པར་བྱས་ལ། ཁོ་ཚོའི་སྐད་ངག་གི་འདེགས་འཇོག་སྙན་མོས་མི་སེམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཟད་མེད་སྟེར་བར་བྱས།

6_副本.jpg

གཞན་ཡང་། ཀན་ལྷོ་གཡང་ལྡན་ཕྱུག་མོ་ནས་འོངས་པའི་བོད་པའི་ཤོམ་པ་བཅུ་ཕྲག་ལྷག་གི་མཉེན་ལྕུགས་ལྡེམ་ལྡེམ་གཡོ་བའི་འགྲོས་སྟབས་ཀྱིས་ལྟད་མོ་བ་ཀུན་ལ་མིག་གི་དགའ་སྟོན་སྔ་ན་མེད་པ་བཤམ་ཞིང་། ཤོམ་ཆེན་ཡིད་འོངས་དེ་དག་གི་གཟུགས་ཀྱི་མཛེས་པ་དང་། ཟུར་མིག་རེ་རེས་ལྟད་མོ་བ་མང་དག་ཅིག་གི་སེམས་པ་གདུང་བའི་རྒྱ་རུ་ཚུད་པར་བྱས།

རྒྱ་མཚོའི་རླབས་བཞིན་སྐྱོམ། དཀར་སེར་དམར་ལྗང་གི་གློག་འོད་ཆེམ་ཆེམ་དུ་འཁྱུག ལྟད་མོ་བ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་གཉིས་ལྷག་གི་ཀྭི་སྒྲ་དང་འབོད་སྒྲ་ཁོ་ནས་ཀྱང་ས་ཆེན་འདི་གཡོ་བར་བྱེད་དམ་ཡིད་འདི་འཕྱང་མོ་ཉུག 

3_副本.jpg

རྒྱལ་རོང་ཡུལ་གྱི་དམངས་གཞས་《ང་ཡི་ཆང་གསོལ་རོགས་》ཞེས་པ་ཅེ་ཉི་སིའི་མི་མགོ་ཁྲི་ཕྲག་གཅིག་གིས་མཉམ་དུ་ལེན་པའི་གླུ་གྲལ་དུ་ཚུད་པ།

རེབ་འདིར་ལྟད་མོ་བ་ཁྲི་ཕྲག་གཅིག་ལྷག་གིས་ང་ཡི་ཆང་གསོལ་རོགས་ཞེས་པའི་གླུ་འདི་མཉམ་ལེན་བྱས་པས། ཅེ་ཉི་སིའི་ཟིན་ཐོར་ལེགས་པར་ཚུད་ཅིང་། འབྲེལ་ཡོད་མི་སྣས་ཅེ་ཉི་སིའི་མིང་ཐོར་ཚུད་པའི་དཔང་ཡིག་སྤྲད་ལ། ཐམས་ཅད་དགའ་བ་འབུམ་གྱིས་མྱོས་པར་བྱས། 

                                                  5_副本.jpg 

དབང་སྒྲོན་མཚོ། 

གནས་འདིའི་ས་དོག་ཀྱང་མཁའ་དབུགས་གཙང་། སོ་མང་ཆུ་བོའི་བཞུར་རྒྱུན་དལ། མི་རྣམས་བློ་རིག་གྲུང་ཞིང་། འབྱོར་ཕྱུག་ལོངས་སྤྱོད་ཀྱི་ཕུན་ཚོགས་རྒྱས། སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་ཅིང་། དེང་རབས་རིག་གནས་ཟུང་དུ་འབྲེལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་ལ། གླུ་ལེན་གར་རྩེད་ཀྱི་མཚོ་མོ་འཁྱིལ་ལོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།