དཀར་མཛེས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཐེངས་ལྔ་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས།

010.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས24ཉིན་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཐེངས་ལྔ་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ཤིང་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།

གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་བརྒྱུད་ནས་འཚོགས་ཤིང་། གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐེངས་ལྔ་པའི་ནང་གི་དཔེ་སྟོན་ཐུན་མོང་དང་དཔེ་སྟོན་སྡེ་ཚན། དཔེ་སྟོན་དང་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་གནང་བས་མ་ཚད། ད་དུང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ལིའུ་ཁྲེང་མིང་གིས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀ་དེ་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་ཞིང་ལས་ཀའི་ངེས་ཤུགས་སྲུང་འཛིན་བྱས་ཏེ། སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་ཡོང་བ་དང་ངོས་འཛིན་ཆེ་རུ་གཏོང་བ་དང་ཁུལ་ཨུའི་བཀོད་སྒྲིག་དང་ཇུས་ཆོད་ལྟར་ལས་ཀའི་འགན་འཁྲི་ནན་པོར་གནོན་པ་དང་ལས་འགན་ཁག་དོན་འཁྱོལ་ནན་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀར་སྐུལ་འདེད་གཏང་དགོས། 

ལེའུ་ཁྲེང་མིང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་རབ་རིམ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་འདུ་ཤེས་བཞི་བརྟན་པོ་འཛིན་ཞིང་གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ་། འཚོ་སྲུང་གཉིས་བྱེད་ཐུབ་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་མ་སྐུལ་དང་བླངས་ཀྱིས་འཛུགས་སྐྱོང་ལས་ཀའི་ཁྲོད་དུ་ཞུགས་ཤིང་ལས་འགན་ཁག་ཡག་མོ་བསྒྲུབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏང་དགོས་པའི་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཁག་སོ་སོས་གཅིག་ནི་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་བླང་བྱ་དང་བསྡུར་ནས་རང་ལ་གནོན་ཤུགས་བསྣན་ཞིང་ཞིབ་བཤེར་ཆད་གསབ་བྱས་ཏེ་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་གསར་འཛུགས་ལས་ཀ་དམ་འཛིན་བྱ་དགོས། གཉིས་ནི་ཁྱད་ཆོས་མི་འདྲ་ས་མངོན་གསལ་བྱས་ཐོག་གཞི་སྟེགས་གསར་སྐྲུན་ཡང་བསྐྱར་བྱས་ནས་གསར་འཛུགས་ལས་ཀར་སྐུལ་འདེད་གཏང་དགོས། གསུམ་ནི་མི་རིགས་མཉམ་འདྲེས་ཡོང་བར་དམིགས་ཤིང་སྒོ་འབྱེད་དེ་བས་རྒྱ་སྐྱེད་བཏང་ནས་གསར་འཛུགས་ལས་ཀར་སྐུལ་འདེད་གཏང་དགོས།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།