རྔ་བ་ཁུལ་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ཚོགས་འདུ་འཚོགས་པ།

01.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྔ་བ་ཁུལ་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཛམ་ཐང་ནས་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིང་དང་། ཁུལ་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འགོ་ཁྲིད་ཚན་ཆུང་དང་ལས་ཁུངས་ཀྱི་འགན་ཁུར་པ། རྫོང་(གྲོང་ཁྱེར་)སོ་སོའི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འགན་ཁུར་པ་སོགས་མི་100ལྷག་ཚོགས་འདུར་ཞུགས་འདུག

02.jpg

ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་འཇམ་དཔལ་གཉིས་ཀྱིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་འགེལ་བཞིན་པ།

03.jpg

ཚོགས་ཞུགས་པ་རྣམས་ཀྱིས་འཛམ་ཐང་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བྱེད་ནུས་ཀྱི་སྒྲིག་བཀོད་དང་། འཚོལ་སྒྲིག་གི་གོ་རིམ། རྩོམ་སྒྲིག་དང་ཡོངས་སྤེལ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐོར་བྱེད་བཞིན་པ། 

04.jpg

དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁྲོམ་རར་ལྟ་སྐོར་བྱེད་བཞིནཔ། 

དབྱང་ཞིང་གིས་ཚོགས་འདུ་ནས་བསྟན་དོན། ཁུལ་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་བསྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་པ་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གྱི་གླེང་ཕྱོགས་ལས་དོན་སྐོར་གྱི་གལ་ཆེའི་བསམ་བློར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་པ་ཡིན་ལ། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་གྱིས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་བསྐྲུན་གྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་ངེས་ཤེས་ཇེ་ཟབ་དང་། ཧེ་བག་འཚོལ་བ། ལས་འགན་གསལ་རྟོགས་བྱེད་པ། འགན་ཁུར་དོན་ཐོག་ཏུ་བབས་པར་བྱས་ཏེ། ཁུལ་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་བསྐྲུན་གྱི་ལས་དོན་འཕེལ་རིམ་གསར་བ་དང་། སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱ་དགོས་ཞེས་བཤད།

དབྱང་ཞིང་གིས་བཤད་དོན། རྫོང་(གྲོང་ཁྱེར་)སོ་སོས་གོམ་གང་མདུན་སྤོས་སྒོས་ཆབ་སྲིད་ཀྱི་ལང་ཕྱོགས་ཇེ་མཐོར་བཏང་སྟེ། ངོས་ཟིན་ཇེ་ཟབ་ཏུ་གཏོང་བའི་ཁྲོད་ནས་ཅིའི་ཕྱིར་མཉམ་འདྲེས་བྱས་པའི་དོན་གནད་གསལ་བོར་ཤེས་དགོས་པ་དང་། གནད་དོན་དང་ཕན་འབྲས་ཀྱི་ཁྲིད་ཕྱོགས་འབུར་དུ་དོད་དགོས་ལ། གནས་ཚད་ངེས་གཏན་བྱས་པའི་ཁྲོད་ནས་ཇི་ལྟར་མཉམ་འདྲེས་བྱེད་པ་རྟོགས་དགོས་ཤིང་། གསར་འགྱུར་གྱི་གླེང་ཕྱོགས་གཙོ་བོ་གཏན་འབེབས་བྱས་པར་བརྟེན་ཏེ། ཧུར་ཐག་གིས་སྣ་འཛོམས་ཞབས་ཞུའི་སྟེགས་བུ་བསྐྲུན་དགོས་པ་དང་། ཧུར་ཐག་གིས་སྡེ་ཁུལ་གྱི་ཆ་འཕྲིན་ལྟེ་གནས་བསྐྲུན་ཏེ། ནུས་པ་ཡོད་དགུས་གཞི་རིམ་གྱི་དྲིལ་བསྒྲགས་ཀྱི་ཆེས་མཐའི་མའི་བར་ཐག་དེ་ཉིད་མེད་པར་བཟོས་ནས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གོང་དུ་སྤེལ་བར་བྱ་དགོས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འཛམ་ཐང་རྫོང་གི་སྨྱན་སྦྱོར་ལྟེ་གནས་ཀྱིས་མེན་དབྱང་གི་ཁ་གཏད་རོགས་སྐྱོར་གྱི་འཛུགས་བསྐྲུན་ལ་བརྟེན་པ་དང་། ནུས་པ་ཆེན་པོས་“1654”ཡི་ལས་ཀ་སྒྲུབ་སྟངས་ལག་བསྟར་བྱས། དེ་ལས་ས་གནས་རང་བཞིན་ཅན་ནི་གཞི་རྩ་གཅིག་ཡིན་ལ། སྲིད་ཇུས་དང་། ཞབས་ཞུ། ཆ་འཕྲིན། ལག་རྩལ། ཐབས་ལམ། རིག་སྟོབས་བཅས་ཕྱོགས་དྲུག་པོའི་མཉམ་འདྲེས་ནི་མཐར་གྱི་རྐང་པ་དབབ་ས་ཡིན་ལ། ལས་སྒྲུབ་ཁང་ལྔ་འཛུགས་བསྐྲུན་བྱས་ཏེ། ཟུར་ཁ་མང་པོ་དང་། རིམ་པ་མི་འདྲ་བ། རྣམ་པ་མང་པོ། ཁྱད་ཆོས་མི་འདྲ་བ་བཅས་ཀྱི་མཉམ་ཞུགས་མཉམ་འུར་གྱི་ཐོན་སྐྱེད་ཁྱབ་བསྒྲགས་མ་ལག་ཅིག་ཆགས་པར་བྱེད་པ་དང་། ཕྱི་ནང་ཀུན་ཏུ་ཁྱབ་བསྒྲགས་བྱེད་པའི་སྒེའུ་ཁུང་དང་། ཆ་འཕྲིན་འདུས་ཤིང་གྲམ་ཐུབ་པའི་སྟེགས་བུ། སྤྱི་ཚོགས་བཅོས་སྐྱོང་གི་ལག་ཆ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ཟམ་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རིམ་པ་བཞི་ཆགས་པར་བྱེད་པ་སྟེ། 2016ལོ་ནས་བཟུང་སྟེ། ལོ་ངོ་གསུམ་གྱི་རིང་ལ་བོད་ཁུལ་དུ་མཉམ་འདྲེས་སྨྱན་སྦྱོར་འཛུགས་རྒྱུ་ཡང་དག་དགོས་པ་ནས་མཉམ་འདྲེས་སྨྱན་སྦྱོར་བེད་སྤྱོད་ཡང་དག་བྱེད་པའི་བར་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་ཟིན་ཡོད་དོ།།  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།