སན་ཞིང་ཏུའེ་དང་གཟི་རྩ་སྡེ་དགུ། བྱི་ལ་དོམ་ཁྲ་གསུམ་གྱི་རིག་གནས་ལྗོངས་སྐོར་མནའ་འབྲེལ་འཛུགས་པ་དང་མནའ་འབྲེལ་གྱི་འཐབ་ཇུས་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་གིས་ཁྲིད་སྟོན་བྱས་པ་དང་། གཟི་རྩ་སྡེ་དགུ་རྫོང་མི་དམངས་སྲིད་གཞུང་གིས་གྲོས་མགོ་བཏོན་པ། ཀྲུང་གོའི་བྱི་ལ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་དང་ཀོང་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་སྒྲུབ་འགན་ཁུར་བའི་སན་ཞིང་ཏུའེ་དང་གཟི་རྩ་སྡེ་དགུ། བྱི་ལ་དོམ་ཁྲ་གསུམ་གྱི་རིག་གནས་ལྗོངས་སྐོར་མནའ་འབྲེལ་གྱི་འཐབ་ཇུས་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ནས། ཕྱོགས་གསུམ་གྱིས་སན་ཞིང་ཏུའེ་དང་གཟི་རྩ་སྡེ་དགུ། བྱི་ལ་དོམ་ཁྲ་གསུམ་གྱི་རིག་གནས་ལྗོངས་སྐོར་མནའ་འབྲེལ་གྱི་འཐབ་ཇུས་མཉམ་ལས་བྱ་བའི་ཆིངས་ཡིག་བཀོད།

ཞིང་དཔོན་གཞོན་པ་དབྱང་ཞིན་ཕིང་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོར་ཕེབས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སིའི་སི་ཀྲང་གཞོན་པ། ཀྲུང་གོའི་བྱི་ལ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀྲི་ཀྲུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཏེ་དབྱང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧོ་ལི་རྣམས་བྱེད་སྒོར་ཕེབས་ནས་ཤིས་ཚིག་གནང་།

ཁུལ་ཨུའི་རྒྱུན་ཨུ། གཟི་རྩ་སྡེ་དགུ་རྫོང་ཨུའི་ཧྲུའུ་ཅི་ལུའོ་ཀྲི་པོས་བྱེད་སྒོའི་གཙོ་འགན་ཁུར།

དབྱང་ཁེ་ཉིང་གིས་ཤིས་ཚིག་གནང་ནས། ཡུན་རིང་དུ་རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་བའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད་ལྷག་བསམ་ཟོལ་མེད་ཀྱིས་ལས་རིགས་སོ་སོའི་གྲོགས་པོ་རྣམ་པ་རྔ་བ་ཁུལ་དུ་ལྟ་སྐོར་དང་མ་དངུལ་གཏོང་རྒྱུ་ཕེབས་པར་གདན་འདྲེན་ཞུས།

བྱེད་སྒོ་སྤེལ་སྐབས། ཏེ་དབྱང་གྲོང་ཁྱེར་དང་རྔ་བ་ཁུལ། ཀྲུང་གོའི་བྱི་ལ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས། གཟི་རྩ་སྡེ་དགུ་རྫོང་བཅས་སུ་མཚམས་སྦྱོར་བྱེད་སྒོ་སྤེལ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།