རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་གིས་རྔ་བ་ཁུལ་དུ་རྟོག་ཞིབ་མཛད།

2a7f603d-23da-4bcc-ba70-e8917baab68d.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་གིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་སུའེ་ཆིང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་མི་རིགས་གཞུང་ལུགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཅུན་ཧའོ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲུབ་པའི་བརྟག་ཞིབ་ཚོགས་པ་ཁྲིད་དེ་རྔ་བ་ཁུལ་དུ་ཕེབས་ནས། རྔ་བ་ཁུལ་གྱིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་སྐོར་གྱི་དགོངས་དོན་ལག་བསྟར་བྱས་ཚུལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་སྐུལ་འདེད་བྱས་པའི་གནས་ཚུལ། མགྱོགས་མྱུར་སྒོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་ཀ་སོགས་ལ་རྟོག་ཞིབ་མཛད།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཧྥུ་གོ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་ལིའུ་ཞང་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་སོགས་ཀྱིས་ཕེབས་རོགས་མཛད།

རྟོག་ཞིབ་ཚོགས་པ་སྔ་གཞུག་ཏུ་ཆུ་ཆེན་རྫོང་གི་མུ་ནེ་ཡུལ་ཚོ་དང་ཆིང་ཉིང་ཡུལ་ཚོ། འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དང་ཅོག་ཙེ་གྲོང་རྡལ། ལིས་རྫོང་གི་ཐའོ་ཕིང་ཡུལ་ཚོར་སོགས་སུ་སོང་ཏེ། ཁྱིམ་ཚང་སོ་སོ་དང་ཞིང་ཁ་སོང་ནས་རྟོག་ཞིབ་མཛད་པ་མ་ཟད། འབར་ཁམས་གྲོང་ཁྱེར་ནས་བཞུགས་མོལ་ཚོགས་འདུ་འཚོགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་ཀའི་སྙན་ཞུར་ཉན།

036f2b13-823a-43e4-98cb-5e144b123a4d.jpg

རྟོག་ཞིབ་སྐབས་སུ་ཀྲའོ་ཡུང་གིས་རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། ཁོང་གིས་གསུང་དོན་རྔ་བ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལས་ཀར་རྨང་གཞི་བརྟན་ཅིང་ཁྱད་ཆོས་མང་བས། རྔ་བ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ནི་མཐུན་སྒྲིལ་གྱི་གོང་བུ་གཅིག་ཡིན་པའི་འདུ་ཤེས་རྩ་བར་བཟུང་ནས། རིགས་སོ་སོའི་རྒྱ་ཆེའི་མང་ཚོགས་ཀྱིས་གོམ་གང་མཐུན་སྤོས་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་ཀ་ཟབ་སྤེལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོར་བཤད་དེ། གོམ་གང་མདུན་སྤོས་སྒོས་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་གི་འདུ་ཤེས་གསལ་བོ་འཛིན་དགོས།

སྙན་ཞུའི་ཚོགས་འདུར། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་ཀའི་ཆེད་དོན་བརྙན་ཐུང་ལ་བལྟས་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་ཀའི་སྐོར་གྱི་སྙན་ཞུར་ཉན།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།