དཔལ་ཡུལ་རྫོང་གིས་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་འདང་ངེས་བྱས་ཏེ་དཔྱིད་རྨོས་འགན་སྲུང་བྱས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་དཔྱིད་རྨོས་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་སྒྲུབ་ཆེད། དཔལ་ཡུལ་རྫོང་ཞིང་འབྲོག་ཚན་རྩལ་དང་མཁོ་སྤྲོད་ཉོ་ཚོང་མཉམ་ལས་ཅུས་ཀྱིས་མང་ཚོགས་ཀྱི་དཔྱིད་རྨོས་ལས་ཀའི་ཞིང་སྤྱོད་དངོས་རྫས་ཀྱི་དགོས་མཁོ་བསྐོང་ཐུབ་པའི་ཆེད་དུ། ལོ་འགོ་ནས་བཟུང2019ལོའི་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་ཀ་སྔར་ནས་བཀོད་སྒྲིག་དང་སྔར་ནས་གྲ་སྒྲིག་བྱས་ཤིང་། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་དུས་ཐོག་ཏུ་ལོ་ཏོག་གི་ས་བོན་དང་རྫས་འགྱུར་ལུད། ཞིང་སྨན་སོགས་ཞིང་སྤྱོད་དངོས་རྫས་ཁ་གསབ་དང་གྲ་སྒྲིག་འདང་ངེས་བྱས་ནས། དཔྱིད་རྨོས་ཐོན་སྐྱེད་ཀྱི་ལས་ཀ་འགན་ལེན་ནུས་ལྡན་བྱས་པ་རེད།

     ད་ལོར་ཅུས་དེས་ནས་ཀྱི་སོན་བཟང་རྒྱ་མ་ཁྲི8དང་། རྫས་འགྱུར་ལུད་ཏུན10གྲ་སྒྲིག་བྱས་ཟིན། བཅུད་ལྡན་རྫས་འགྱུར་ལུད་ཏུན52 རྩྭ་འགེམས་སྨན་རྫས་སྒམ100 ཞིང་སྤྱོད་འགྱིག་ཤོག་དོ་པོ100 པད་ཁའི་ས་བོན་རྒྱ་མ500 སྔོན་ཚལ་སྣ་ཁ21གི་ས་བོན། སྨན་ཆུ་གཏོར་ཆས30 སོགས་གྲ་སྒྲིག་བྱས་ཡོད་པ་རེད། གོང་སྨོས་ཀྱི་ཞིང་སྤྱོད་དངོས་རྫས་དེ་དག་གཙོ་བོ་གྲོང་སྡེ་དབུལ་ཕོངས་ཀྱི་དུད་ཚང་སོ་སོར་རིན་པ་མི་དགོས་པར་གཏོང་སྤྲོད་བྱས་ནས། དུད་ཚང་དབུལ་ཕོངས་ཀྱི་དཔྱིད་རྨོས་ཐོན་སྐྱེད་ཀྱི་ཞིང་སྤྱོད་དངོས་རྫས་མཁོ་འདོན་ནུས་ལྡན་བྱས་པ་རེད། ཕྱིན་ཆད་ལག་རྩལ་མི་སྣ་ཡུལ་དངོས་སུ་མངགས་ཏེ་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལག་རྩལ་ཁྲིད་སྟོན་བྱ་རྒྱུ་དང་། ནུས་ཤུགས་གང་ཡོད་ཀྱིས་ཞིང་གསུམ་གྱི་ཞབས་ཕྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་རྫོང་ཞིང་འབྲོག་ཚན་རྩལ་མཁོ་སྤྲོད་མཉམ་ལས་ཅུས་ཀྱི་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།