དཔལ་ཡུལ་རྫོང་གིས་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་སླེབས་རན་པའི་སྐབས་སུ། དཔལ་ཡུལ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ་སྔོན་རྗེས་སུ་ཡ་ཆེན་དགོན་དང་འབར་རོང་ཤང་དུ་ཕྱིན་ནས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་སྟངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

དྲིལ་བསྒྲགས་བྱེད་སྐབས།ལས་སྒྲུབ་མི་སྣས་འཚམས་འདྲི་བྱ་ཡུལ་མི་སྣའི་འཚོ་བ་དང་དེ་མིན་གྱི་དཀའ་ངལ་རྒྱུས་ལོན་བྱས་པས་མ་ཚད། ཁོ་ཚོར《རྩ་ཁྲིམས》དང་ནགས་ཚོགས་གཤེད་བཅོམ། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་སུ། དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཀྱི་གྱང་འགེལ་ལི་ཐོ་བཀྲམ་པ་རེད། དྲིལ་བསྒྲགས་བྱེད་སྐབས་གྲྭ་བཙུན་ཚོར་ཧུར་ཐག་གིས་ཁྲིམས་ལུགས་སྦྱངས་ནས་ཁྲིམས་ལུགས་ཤེས་མཁན། ཁྲིམས་ལུགས་སྤྱོད་མཁན་གྱི་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུ་དང་། མེས་རྒྱལ་སེམས་སུ་བཅངས་ནས་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་དགོས། རྒྱུན་ཆད་མེད་པར་ནང་བསྟན་ཆོས་གཞུང་ཤེས་རྒྱ་ཆེ་རུ་གཏང་རྒྱུ་དང་མ་སྐུལ་དང་བླངས་ཀྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་སོ་སོ་སློབ་སྦྱོང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་ཡོང་བར་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུའི་རེ་འདུན་བཏོན་པ་རེད།

དེ་དང་ཆབས་ཅིག ལས་སྒྲུབ་མི་སྣ་ཚོས་བུད་མེད་ཏང་ཡོན་དང་བུད་མེད་འཐུས་ཚབ་དང་བཞུགས་མོལ་བྱས་ནས་ནགས་ཚོགས་གཤེད་བཅོམ་དང་དུག་འགོག་ཤེས་བྱ་སྒྲོག་འགྲེལ་བྱས་པའི་རྨང་གཞིའི་ཐོག མི་དམངས་མང་ཚོགས་ཀྱི་བདེ་རྩ་ལ་ཐུག་པའི་ཁྲིམས་ལུགས་ཁྲིམས་སྲོལ་དང་དེ་བཞིན་དུ་ཉེན་མེད་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཤེས་བྱ། སྲིད་ཇུས་ནང་དོན་བཅས་ས་གནས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བདེ་ཤེས་སླའི་སྒོ་ནས་གསེད་འགྲེལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགསན། ཐེངས་འདིའི་བྱེད་སྒོའི་ནང་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཀློག་དེབ100ལྷག་དང་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་ཡིག་རིགས20ལྷག་ཙམ་བཀྲམ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།