རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་དཀར་མཛེས་ཁུལ་གྱི་བོད་དུ་སྐྱོད་པའི་གཞུང་ལམ་བཅོས་སྒྲིག་ལས་གཞི་སྟེ2019ལོའི་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར4.21གཏོང་རྒྱུ་རེད།

20190221103218306.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་དུ་སྐྱོད་པའི་གཞུང་ལམ་གྱི་འགན་སྲུང་ནུས་ཤུགས་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་དང་། སི་ཁྲོན་བོད་ཁུལ་གྱི་འགྲུམ་འགྲིལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་ཡོང་བའི་ཆེད། ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་རྒྱལ་ལམ345ལམ་ཐིག་གི་སེར་ཤུལ་རྫོང་འཇུ་རྙིང་ནས་སི་ཁྲོན་གྱི་ས་ཁོངས་དར་ལག་བར་དང་། རྒྱལ་ལམ318ལམ་ཐིག་གི་དར་མདོའི་རྒྱུ་ལའི་ཕུག་ལམ། རྒྱལ་ལམ318ལམ་ཐིག་གི་དར་རྩེ་མདོ་གྲོང་ཁྱེར་གྱི་ལམ་དུམ་བཅས་དཀར་མཛེས་ཁུལ་གྱི་བོད་དུ་སྐྱོད་པའི་གཞུང་ལམ་བཅོས་སྒྲིག་ལས་གཞི་གསུམ་པོར2019ལོའི་ཀྲུང་དབྱང་གི་སྐོར་དང་པོའི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར4.21གཏོང་རྒྱུ་གཤམ་བསྒྲགས་བྱས་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།