ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བསྟན་དོན། “མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ”མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་དབྱིས་རིགས་དང་བོད་རིགས་ས་ཁུལ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ཏུ་འདུས་ཏེ། སྤུས་ཚད་མཐོ་བའི་དབུལ་ཐར་དང་རྒྱུན་མཐུད་དབུལ་ཐར་མངོན་འགྱུར་བྱས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བསྟན་དོན། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ནན་ཏིག་ལག་ལེན་བྱས་ནས་རྒྱལ་ཁབ་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་གསར་སྐྲུན་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་གཏིང་ཟབ་སྒོས་ལག་བསྟར་བྱས་ནས་ཧུར་བརྩོན་སྒོས་གནད་འགག་གི་ལོར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ལེན་དགོས། དབུལ་ཐར་མཁྲེགས་གཏོར་ནི་དེང་སྐབས་ཆེས་ཆེ་ཤོས་ཀྱི་ཆབ་སྲིད་འགན་འཁྲི་དང་། ཆེས་ཆེ་ཤོས་ཀྱི་དམངས་འཚོའི་ལས་གཞི། ཆེས་ཆེ་ཤོས་ཀྱི་འཕེལ་རྒྱས་གོ་སྐབས་ཡིན་པས་བོད་ཁུལ་དབུལ་ཐར་ལས་འགན་ལྷག་ཏུ་གལ་འགངས་ཆེ་ཤིང་། སི་ཁྲོན་ནུབ་བྱང་གི་ཁྱད་ལྡན་གྱི་ས་ཁམས་རང་བྱུང་ཁོར་ཡུག་དུ་གནས་པས་དབུལ་ཐར་མངོན་དུ་འགྱུར་བའི་ཐབས་ལམ་ལ་དམིགས་བསལ་རང་བཞིན་ལྡན་པ་གཏན་འཁེལ་བྱས་ཡོད་ཅིང་། ངེས་པར་དུ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ་བསམ་བློ་གསར་པ་དང་འདུ་ཤེས་གསར་པས་ལི་ཐང་གི་དབུལ་ཐར་མཁྲེགས་གཏོར་གྱི་ལག་ལེན་གསར་པར་སྐུལ་འདེད་བཏང་སྟེ། “སྐྱེ་ཁམས་ཆེན་པ་དང་། རྨང་གཞི་ཆེན་པོ། ཐོན་ལས་ཆེན་པོ། མཉམ་ལས་ཆེན་པོ། ལེགས་བཅོས་ཆེན་པོ། སྒོ་འབྱེད་ཆེན་མོ”བཅས“ ཕྱོགས་དྲུག་གཞི་གཅིག”གི་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་གསར་པ་ཞིག་དུ་བསྐྱོད་པ་དང་། ནུས་ཤུགས་ཡོད་དགུས“སྐྱེ་ཁམས་སྔོན་སྐྱོང་། ལྗང་མདོག་འཕེལ་རྒྱས། བོད་ཁུལ་ཁྱད་ལྡན། ལི་ཐང་ཁྱད་ཆོས”ཀྱིི་གྲོང་ཚོ་དར་རྒྱས་དང་རྫོང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་གསར་པར་སྐུལ་འདེད་བཏང་།
གཅིག སྐྱེ་ཁམས་ཆེན་པོའི་ལས་གཞི་ལག་བསྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་བཏོན་ཡོད་པ་སྟེ། ངེས་པར་དུ “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་དུ་བསྟར་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱ་དགོས། ཤུགས་ཆེན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། ཞིང་དོར་ནགས་སྤེལ། བརླན་ས་ཉམས་གསོ། བྱེ་སྐྱོན་འགོག་བཅོས་སོགས་འགངས་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གཞིའི་ཁྲོད་། དབུལ་ཕོངས་ཞིང་འབྲོག་མང་ཚོགས་རྣམས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པར་ཧུར་ཐག་སྒོས་ཁྲིད་སྟོན་བྱེེད་དགོས།
གཉིས། “རྨང་གཞི་ཆེན་པོའི”ལས་གཞི་ལག་བསྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་གི་ཞན་ཆ་གསབ་པར་དམིགས་ནས་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་འཛིན་པའི་ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ་དང་། གློག་ཤུགས། རྒྱང་བསྒྲགས་དང་བརྙན་འཕྲིན། འཕྲིན་གཏོང་སོགས་གཞི་གཅིག་ཏུ་འདུས་པའི་“རྨང་གཞི་ཆེན་པོའི”ལས་གཞི་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་“རྨང་གཞི་ཆེན་པོ་ལྔ”སྒྲིག་བཀོད་ཁྱོན་ཡོངས་ནས་རིམ་སྤོར་ཡོང་བ་མངོནའ་གྱུར་བྱེད་དགོས།
གསུམ། “ཐོན་ལས་ཆེན་པོ”འཕེལ་རྒྱས་གཏོང་བ་རྒྱུན་ཁྱོངས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
ཐོག་མཐའ་བར་གསུམ་དུ་“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས”བཅས་ཀྱི་ལྟེ་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་གསར་སྤེལ་སྲུང་སྐྱོབ་དང་ཐོན་ལས་དབུལ་ཐར་གཉིས་རྒྱུན་འཁྱོངས་བྱེད་དགོས།
བཞི།“མཉམ་ལས་ཆེན་པོ”བྱེད་སྟངས་གསར་གཏོད་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
ཐོག་མཐའ་བར་གསུམ་དུ“མཉམ་ལས་འཕེལ་རྒྱས་དང་། ཐུན་མོང་ཐོག་མ་འོངས་བསྐྲུན་པ”ཡི་ལམ་བུའི་ཐོག་བསྐྱོད་དགོས་ལ། མཉམ་ལས་ཀྱིས་ནུས་ལྡན་སྒོས་མ་དངུལ་དང་། ལག་རྩལ། འདུ་ཤེས་ཅུང་ཞན་པར་ཁ་གསབ་བྱས་ནས་ས་མཐོའི་ཞིང་འབྲོག་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་རྩྭ་ས་དང་། བོད་མིའི་སྡོད་ཁང་གསར་པ། དབུལ་ཐར་མཁྲེགས་གཏོར་དུད་ཚང་རེ་བསྐྱོད་པའི་དབུག་སྐྱོར་མ་དངུལ་བཅས་གནད་ཐོག་དུ་ཁེལ་བར་བྱེད་དགོས།
ལྔ། “ལེགས་བཅོས་ཆེན་པོ་”སྒྲིག་གཞི་གསར་གཏོད་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
གཟབ་ནན་སྒོས་ཞིང་ཆེན་ཏང་ཨུ་དང་། ཁུལ་ཏང་ཨུའི་ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་ཐབས་ཇུས་བཀོད་འདོམས་ལྟར། མི་རིགས་ས་ཁུལ་གྱི་དོན་དངོས་ལ་དམིགས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འཛུགས་སྐྱོང་གིས་དབུར་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་རིགས་ས་ཁུལ་གྱི་དབུལ་ཕོངས་སེལ་བའིགཙོ་གནད་དང་འགག་གནད་ཡིན་པ་ཤེས་དགོས།
དྲུག “སྒོ་འབྱེད་ཆེན་མོ”རྣམ་པ་བསྐྲུན་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་རོགས་སྐྱོར་བྱེད་པ།
དེ་ནི་“ལི་ཐང་ནས་ཐོན་ཏེ་ལི་ཐང་ལ་བལྟ་བ་དང་། མ་འོངས་བར་ཁ་ཕྱོགས་ནས་ལི་ཐང་ལ་བལྟ་བ”ཡི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། ཧུར་ཐག་སྒོས་“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཞུགས་ནས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱེད་དགོས།
དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་ཚོགས་སྤྱིར་དམིགས་ནས་གྲོང་ཚོ་གཅིག་ཀྱང་མི་ལུས་པ་མི་གཅིག་ཀྱང་མི་ལུས་པར་འགན་ལེན་ཏན་ཏིག་བྱ་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དཀར་མཛེས་ཁུལ་གྱིས་སྐྱེ་ཁམས་དབུལ་སྐྱོར་གྱི་རྣམ་པ་འཚོལ་ཞིབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་འབྱོར་གྱི་ལམ་དུ་བསྐྱོད་པ།