ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་མཇུག་སྒྲིལ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཡོད་ཚད་ཚེས7ཉིན་གྱི་སྔ་དྲོར་འབར་ཁམས་གྲོང་ཁྱེར་ནས་བདེ་བླག་ངང་མཇུག་སྒྲིལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་མཇུག་སྒྲིལ་མཛད་སྒོར་མགོ་འཛིན་མཛད་ཅིང་། ལུའུ་ཡུན་ཅིན་སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།

༢.jpg

གྲོས་ཚོགས་སུ་ཞུགས་དགོས་པའི་མི་གྲངས273ཡིན་པ་དང་།  དངོས་སུ་ཞུགས་པའི་མི་གྲངས253ཡོད་ལ།  དེ་ནི་སྲིད་གྲོས་ཀྱིས་གཏན་འབེབ་གནང་བའི་སྒྲིག་ཡིག་དང་དངོས་སུ་མཐུན། 

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་དང་།  ཀྲུའུ་ཞི་གཞོན་པ་ཝང་མིང་ཧེའུ།  ཝང་པེན།  ཀྲུང་ཞའོ་ཕིང་། སྟག་ཚ་བསྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ།  ཆིན་ཁའེ་ཅིན།  ལུང་ཀང་།  ཝང་ཧྲིན།  ཁྲིན་ཧྥོའུ་ཧྲིན།  ཧོང་ཞིའུ་དབྱིན།  མོའུ་ཝེའུ་ཏུང་སོགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

༣.jpg

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ཉི་མ་འབུམ་དང་། ཝང་མིང་ཧེའུ། ཝང་ཧྲིན།  ཧོང་ཞིའུ་དབྱིན་བཅས་ཡིན།

ལིའུ་ཕིང་དང་།    ཀུའུ་ཡོན་ལུང་།  ལི་བེ་ཀའོ་སོགས་ཀྲུང་གུང་རྔ་བ་ཁུལ་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད། རྔ་བའི་ཡན་ལག་དམག་ཁུལ།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་།  རྔ་བའི་ལས་རིགས་སློབ་གླིང་གི་འགོ་ཁྲིད་བཅས་ཀྲུའུ་ཞིར་སྟེགས་བུར་བཞུགས།

༤.jpg

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

༥.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་མཇུག་སྒྲིལ་མཛད་སྒོར་མགོ་འཛིན་མཛད།

༦.jpg

གྲོས་ཚོགས་ལས་འདེམས་ཤོག་གི་རྣམ་པར་བརྟེན་ནས་ལུའུ་ཡུན་ཅིན་སྲིད་གྲོས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། 《སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་སྙན་ཞུ》དང་། 《རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད》བཅས་ལ་གྲོས་མཐུན་བྱུང་།

༧.jpg

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྲིད་གྲོས་རྔ་བ་ཁུལ་སྐབས་བཅུ་བཞིའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། ཨུ་ཡོན་རྣམ་པ་དང་ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་དུས་སྐབས་གསར་བའི་ཁུལ་སྐྱོང་ཁུལ་དར་གྱི་བྱ་བ་ཆེན་པོ་འདི་དང་དམ་དུ་སྦྲེལ་ནས། གཏིང་ཟབ་སྒོས་སྲིད་ཞུགས་སྲིད་གླེང་དང་། དམངས་གཙོ་དར་སྤེལ་གང་ལེགས། ཐབས་འདོན་ཇུས་འབུལ་ལེགས་པོ་གནང་སྟེ། མཐོ་ཚད་ལྡན་པ་དང་། ཟབ་ཚད་ཡོད་པ། དྲོད་ཚད་ལྡན་པའི་བསམ་ཚུལ་དང་བསམ་འཆར་མང་པོ་བཏོན་གནང་མཛད་དེ། གྲོས་ཚོགས་ལས་ཀྲུའུ་ཞི་གཞོན་པ་གཅིག་འདེམས་བསྐོ་གནང་བས། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཆུང་ཁ་འགྲིག་ཆ་འགྲིག་ཏུ་བསྒྱུར་བ་རེད་ཅེས་གསུང་།

ལིའུ་ཕིང་གིས་བསྟན་དོན། 2018ལོར། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཔེ་རིས་ལེགས་པོ་ཞིག་འབྲི་བའི་རྒྱུན་མཐའ་བསྐྱངས་ཤིང་། གཟབ་མཆོར་གསར་སྤྲས་ཀྱིས་ཕྱིར་བསྐྱོད་བྱེད་པ་དང་། མཐུན་སྒྲིལ་གྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ། འབད་བརྩོན་ལྷོད་མེད་དང་འགག་སྒྲོལ་ཧུར་ཐག་གིས་སྐྱེ་ཁམས་དང་འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། ཀུན་སྤྱོད་བཅས་གནད་འགག་ལྔ་དམ་འཛིན་དང་། དོན་ཆེན་དྲུག་འབུར་ཐོན་གྱིས་བཟུང་ཞིང་། གཙོ་གནད་ཀྱི་ལས་ཀ་བཅུ་ལ་སྐུལ་འདེད་བྱས་ཏེ་གྲུབ་འབྲས་གསར་བ་བླངས། གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་རྩ་འཛུགས་དང་། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་ཤེས་རབ་ཀྱི་དྭངས་མ་དང་། དཀའ་སྡུག་གི་རྔུལ་ཁྲག་ལས་བྱུང་བ་ཡིན་ལ། ལོ་གཅིག་གི་རིང་དུ། ཁུལ་སྲིད་གྲོས་ཀྱིས་མཐུན་སྒྲིལ་སྒོས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལེགས་སྒྲུབ་བྱེད་པར་སྣེ་ཁྲིད་པས། ཁུལ་ཡོངས་ཀྱི་དཀྱིལ་སྙིང་གྱི་སྤྱི་ཡོངས་ལས་དོན་ཁྲོད་དུ་རང་འགུལ་གྱིས་ཞབས་ཞུ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་ཨུ་སྲིད་གཞུང་དང་སེམས་མཐུན་སྤྱོད་མཐུན་དང་། སེམས་མཐུན་ཕྱོགས་མཐུན། སེམས་མཐུན་ལས་མཐུན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྐུལ་འདེད་ཀྱི་ལག་རྗེས་ཆེན་པོ་བཞག་ཡོད་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་གླེང་ནས། མགྱོགས་མྱུར་སྒོས་ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་དུ། མཐུན་སྒྲིལ་འཆམ་མཐུན་དང་། གསར་གཏོད་མདུན་སྐྱོད་ཀྱི་དུས་རབས་གླུ་སྒྲ་གྱེར་ཞིང་། སྤྱི་ཡོངས་ལ་ཞབས་ཞུ་དང་། གཞི་རིམ་ལ་ཞབས་ཞུ། མི་དམངས་ལ་ཞབས་ཞུ་བྱེད་པའི་དུང་སྒྲ་སྙན་མོ་བུས་ནས། ཐེངས་གསུམ་པའི་ལས་སྐྲུན་མཆོང་སྐྱོད་ཁྲོད་ཀྱི་བུའུ་སྐད་གྲགས་སུ་བཅུག་པས། ཁུལ་སྲིད་གྲོས་ཀྱི་བྱ་བ་ལ་ཁུལ་ཨུ་བློ་ཡིད་ཚིམ་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་ནས་ཀྱང་གདེང་འཇོག་གང་ལེགས་གནང་བཞིན་འདུག

༡༡.jpg

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པའི་ལོ་དང་།  མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པའི་ལོ་ཡང་ཡིན་པས། ད་ལོའི་སྲིད་གྲོས་ཀྱི་བྱ་བ་ལེགས་པར་སྒྲུབ་པ་ལ་དམིགས་བསལ་གྱི་དོན་སྙིང་ལྡན། དེ་བས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བསམ་ཕྱོགས་གཅིག་ཏུ་བསྡུས་ནས། ཐེངས་གསུམ་པའི་ལས་སྐྲུན་ལ་སྐུལ་གྱི་ཕྲག་འགན་གསར་བ་དང་བྱ་བྱེད་གསར་བར་སྐུལ་འདེད་གཏང་དགོས།  ཁོས་ཡང་བསྐྱར་བསྟན་དོན་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ་ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་གྱི་དམིགས་འབེན་གཏན་དུ་ཕབ་པ་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོགས་གྲོས་ཚོགས་ཐེངས་དྲུག་པའི་སྐབས་སུ་ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ཐབས་ཇུས་འཐུས་ཇེ་ཚང་དུ་བཏང་བ་རེད། དེ་ནི་ཁུལ་སྐྱོང་ཁུལ་དར་གྱི་ཐབས་ཇུས་ཆེན་པོ་ཞིག་ཡིན་ལ། རྔ་བ་འཕེལ་རྒྱས་ཀྱི་མདུན་སྐྱོད་རིང་མོ་ཞིག་ཀྱང་ཡིན་པས།  དུས་དང་རྣམ་པ་ཀུན་ཏུ་ཐེངས་གསུམ་པའི་ལས་སྐྲུན་དང་། ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ལ་བརྩོན་དགོས་པ་དང་། མི་རིགས་དང་ལས་རིགས་སོ་སོའི་མཐུན་སྒྲིལ་ཧུར་ཐག་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་བཏང་ནས། ཁུལ་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དུ་བསྟར་བ་དང་།  ཕྱོགས་སོ་སོའི་འགན་འཁྲི་མཐར་འཁྱོལ་བྱས་ཏེ། མི་རིགས་དང་ལས་རིགས་སོ་སོའི་ཐུན་མོང་གི་འདུ་ཤེས་དང་རང་རྟོགས་ཀྱི་ལག་ལེན་དེ་ཐུན་མོང་གིས་ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་སྟོབས་ཤུགས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

༨.jpg

གྲོས་ཚོགས་ཀྱི་སྐབས་སུ་ཉི་མ་འབུམ་གྱིས་བཤད་རྒྱུར། ཧྲུའུ་ཅི་ལིའུ་ཕིང་གི་གསུང་བཤད་དོན་དངོས་དང་མཐུན་ཞིང་གནད་དུ་འཁེལ་བ། རིགས་ལམ་ལྡན་པ།  མཛུབ་ཁྲིད་ཀྱི་ནུས་པ་ལྡན་པས།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཁོང་གི་གསུང་བཤད་ལག་ལེན་དུ་ཕབ་སྟེ།  ལོ་གསར་བའི་ནང་གི་སིད་གྲོས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས་པ་དང་། ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ལས་འགན་ཕྲག་ཏུ་བླངས་ཏེ་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་ལ།  དུས་དང་རྣམ་པ་ཀུན་ཏུ་ཁུལ་ཨུའི་འཆར་བཀོད་ལ་ནོར་འཆུགས་མེད་པར་ལག་ལེན་དུ་བསྟར་བར་བརྩོན་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་སྲིད་གྲོས་ཀྱི་རེ་འདུན་དང་གནས་བབ་གསར་བར་བསྟུན་གང་ཐུབ་བྱས་ཏེ།  ཨུ་ཡོན་རྣམས་ཀྱིས་དོན་དངོས་དང་མཐུན་པའི་བྱ་བ་བསྒྲུབ་དགོས་ཞེས་བསྟན།

༩.jpg

གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གུང་རྔ་བ་ཁུལ་ཨུའི་འགོ་ཁྲིད་རྣམས་ཀྱི་མཛུབ་སྟོན་ལ་བརྟེན་ནས་བློ་སེམས་གཅིག་ཏུ་སྒྲིལ་ཏེ། དུས་དང་རྣམ་པ་ཀུན་ཏུ་ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ལ་བརྩོན་དགོས་ཞེས་བསྟུད་མར་བསྒྲགས།

༡༠.jpg

ཁུལ་སྡོད་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཁུལ་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་། ཁུལ་རིམ་པའི་རྫོང་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་རྣམས་ཚོགས་ཆེན་ལ་ཟུར་ཞུགས་གནང་། 

མཇུག་མཐར་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་གདངས་འགྱུར་ཁྲོད་ནས། ཉི་མ་འབུམ་གྱིས་སྲིད་གྲོས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཡོད་ཚད་བདེ་བླག་དང་རྒྱལ་ཁའི་ངང་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།