དཀར་མཛེས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས་འགོ་བརྩམས།

༡.jpg

འགོ་ཚུགས་ཚོགས་ཆེན་གྱི་ཚོགས་ར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ1པོའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོག་འགོ་ཚུགས་པ་རེད། ཐེངས་འདིའི་ཚོགས་ཆེན་ལ་ཡོང་དགོས་པའི་ཨུ་ཡོན280ཡིན་ལ། མི28ཡིས་དགོངས་ཞུ་བྱས་ཤིང་། ཨུ་ཡོན252དངོས་སུ་བསླེབས་ཡོད་པས། སྲིད་གྲོས་ཀྱི་སྒྲིག་སྲོལ་དང་མཐུན་པ་རེད།

ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་བྱང་ཆུབ་དང་། ཁྲེན་ཧུང་པའོ། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་ཡིང་། སུན་ཧྥེ། ཨ་རྒྱས་བུ་ཕྲུག ལེ་ཅན་ཕིང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། གཡང་མཚོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་།  དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་དང་དར་མདོར་ཡོད་པའི་སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཁ་ཤས་བཅས་གདན་ཞུ་ལྟར་འགོ་ཚུགས་ཚོགས་ཆེན་དུ་ཞུགས་ཤིང་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

འགོ་ཚུགས་ཚོགས་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཧུང་པའོ་ཡིས་གཙོ་འགན་བཞེས་ཤིང་ཚོགས་ཆེན་འཚོག་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། 

༢.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་བཞིན་པ།

འགོ་ཚུགས་ཚོགས་ཆེན་ཐོག་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་﹙འཆར་ཟིན།﹚ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་ལྟར་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུས་པ་རེད།

བྱང་ཆུབ་ཀྱིས2018ལོའི་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་ཞིང་། 2019ལོའི་ལས་དོན་ལ་གྲོས་འགོ་བཏོན་པ་རེད།

༣.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཧུང་པའོ་ཡིས་འགོ་ཚུགས་ཚོགས་ཆེན་གྱི་གཙོ་འགན་བཞེས་བཞིན་པ།

ཚོགས་ཐོག་བསྟན་དོན།  2018ལོར་ཁུལ་སྲིད་གྲོས་ཀྱིས་ཁུལ་ཨུའི་ལས་ཀ་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། རྒྱ་ཆེ་བའི་ཨུ་ཡོན་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཧུར་ཐག་བཞག་ཡོད་ཅིང་མྱོང་ཚོར་ཆེན་པོ་ལྔ་ཡང་བསགས་ཡོད་པ་རེད། 2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཁུལ་སྲིད་གྲོས་ཀྱི་ལས་དོན་སྤྱིའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང་། 

༤.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་རྒྱས་བུ་ཕྲུག་གིས་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ཞུ་བཞིན་པ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ་བཅས་ཀྱི་སྙིང་དོན་དོན་འཁྱོལ་ནན་ཏིག་བྱ་རྒྱུ་དང་། ཁུལ་ཨུའི་དམིགས་འབེན་གཅིག་ལ་དམིགས་པ་དང་། གནད་འགག་གཉིས་མངོན་གསལ་བྱེད་པ། དོན་ཆེན་གསུམ་དམ་འཛིན་བྱེད་པ། མི་འདང་ས་བཞི་ཆད་གསབ་བྱེད་པ། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བ། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བ་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་དང་གསུམ་འཛུགས་མཉམ་འགུལ་དང་གྲོང་ཡུལ་དར་རྒྱས། དཀར་མཛེས་ཁུལ་གྱི་གྲོང་གསར་འཛུགས་སྐྲུན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྐུལ་འདེད་གཏོང་བར་དམིགས་ནས། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་བ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་དཔོག་རྒྱུན་འཁྱོངས་བྱེད་ཅིང་། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་ཁོང་དུ་ཆུད་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབ་ཅིང་། འབྲེལ་བ་མཐུན་སྦྱོར་དང་ནུས་ཤུགས་གོང་འགྲིལ། ཐབས་འདོན་ཇུས་འདོན། སྤྱི་ཡོངས་ལ་ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་། ནུས་ཤུགས་ཡོད་དགུས་བློ་སེམས་དཀར་བའི་སྲིད་གྲོས་དང་སྟོབས་ཤུགས་འགྲིལ་བའི་སྲིད་གྲོས། རིག་ནུས་འཛོམས་པའི་སྲིད་གྲོས། གསར་སྐྲུན་ཅན་གྱི་སྲིད་གྲོས།  དམངས་དོན་སྒྲུབ་པའི་སྲིད་གྲོས། གསོན་ཤུགས་འབར་བའི་སྲིད་གྲོས་བཅས་གསར་འཛུགས་བྱས་ཏེ། སྤུས་ཚད་མཐོན་པོའི་འགན་སྒྲུབ་ཀྱིས་འབྱོར་འབྲིང་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་པ་གཞག་དགོས།

༦.jpg

༥.jpg

ཨུ་ཡོན་ཚོས་སྙན་སེང་ལ་ཉན་བཞིན་པ།

ཚོགས་ཐོག་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་རྒྱས་བུ་ཕྲུག་གིས་《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང》ཞུས་པ་རེད།

༧.jpg

༨.jpg

༩.jpg

ཚོགས་རའི་ཟུར་ཞིག

ཚོགས་ཐོག་བསྟན་དོན། ལོ་གཅིག་གི་རིང་ལ། གྲོས་འཆར179འབྱོར་ཞིང་། དེའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དུས་རིམ་དུ177དང་ཚོགས་མཇུག་བསྒྲིལ་རྗེས2ཡོད། ཞིབ་དཔྱད་བྱས་པར་བརྒྱུད། གྲོས་འཆར169ཐོ་འགོད་བྱས་ཤིང5ཟླ་བསྒྲིལ་བཏང་ཡོད། གྲོས་འཆར5བསམ་འཆར་དུ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་ལ་དཔྱད་གཞིར་བརྒྱུད་སྤྲད་བྱས་ཡོད། 2018ལོའི་ཟླ10པའི་ཟླ་མཇུག་བར་གྲོས་འཆར་ཐམས་ཅད་ལ་ལན་བཏབ་ཡོད། 2019ལོའི་གཅིག་ནི་སྔར་ལྷག་གིས་སྤུས་ཚད་མཐོར་འདེགས་བཏང་སྟེ། སྒྲུབ་གཉེར་གྲོས་མོལ་གྱི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། གཉིས་ནི་སྔར་ལྷག་གིས་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོས་འཆར་སྒྲུབ་གཉེར་གྱི་ཕན་འབྲས་ཆེ་རུ་གཏང་དགོས། གསུམ་ནི་སྔར་ལྷག་གིས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གྲོས་འཆར་ལྟ་སྒྲུབ་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་སྔར་ལྷག་གིས་ནུས་པ་ཇེ་ཆེར་བཏང་སྟེ། ལས་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།