རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

 微信图片_20190104164905.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས4ཉིན་གྱི་སྔ་དྲོར་འབར་ཁམས་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།      ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁུ་ཉིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་ལ་ཞུགས་དགོས་པའི་མི་གྲངས279ཡིན་པ་དང་། དངོས་སུ་ཞུགས་པའི་མི་གྲངས251ཡིན་པས། གཏན་འཁེལ་བྱས་པའི་མི་གྲངས་དང་ཡོངས་སུ་མཐུན།

  དེ་རིང་གི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལིའུ་ཕིང་དང་། ཀུའུ་ཡུན་ལུང་། ཞང་ཞའོ་ཧྥེང་། ལི་ཝེ་ཀའོ། ཆིན་ཀོང་། ཝང་ཆོན། ལི་ཧུང་ཡུང་། དབྱང་ཧྲའོ་ལིན། ཀྲང་རུའེ། ཝང་དུ་ཧའེ། པད་མ་བདེ་སྐྱིད། སྨི་ཅན་ཁན།ཀྲང་ཕེ་ཡུན། ཀྲང་ཅན་བཅས་རེད།

  དབྱང་ཁུ་ཉིང་དང་།ཉི་མ་འབུམ་སོགས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཁོངས་མི་དང་། ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་བཅས་ཀྲུའུ་ཞིའི་སྟེགས་བུར་ཞུགས།

微信图片_20190104164914.jpg

 ཀུའུ་ཡུན་ལུང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་ཅིང་། རྔ་བ་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་།རྔམ་བརྗིད་ལྡན་པའི་རྒྱལ་གླུའི་གདངས་འགྱུར་གྱི་ཁྲོད་ནས་ཚོགས་འདུ་དངོས་སུ་འགོ་བརྩམས།

སྙན་ཞུ་ལས་བསྟན་དོན།  2018ལོར། དཔལ་འབྱོར་བསྟུད་མར་འགྲིབ་པ་དང་། ཁོར་ཡུག་གི་གཅུན་འདོམས་དམ་དུ་སོང་བ། གནོད་འཚེ་གཅིག་ཐོག་གཉིས་བརྩེགས་ཀྱིས་བྱུང་བའི་ཉམས་སད་དྲག་པོའི་མདུན་དུ། ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། ཡར་རྒྱས་བརྟན་པོ་ཡོང་བའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ལ། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”མཐའ་གཅིག་ཏུ་ཡག་པོ་རྒྱབ་པ། ནུས་ཤུགས་ཡོད་རྒུས་ཡོང་འབབ་བརྟན་འཕར་དང་། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།

  དམངས་འཚོར་ཕན་པ། འཆམ་མཐུན་ཡོང་བ་བྱས་ནས། ཁུལ་ཡོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་གོང་འཕེལ་གསར་བ་བྱུང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་བའི་སི་ཁྲོན་དར་སྐྱོང་གི་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ”འཛུགས་སྐྲུན་བྱེད་པའི་འཆར་གཞི་ཆེན་མོ་བཀོད་པ་དེ་ལ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་ཕུགས་དོན་ཟབ་མོ་ལྡན། ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། “འགག་རྩ་ལྔ”དམ་པོར་བཟུང་ནས། སེམས་ཤུགས་གོང་སྒྲིལ་དང་། འགག་སྒྲོལ་དཀའ་སེལ་གྱིས་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱུང་བ་དང་། དེ་དག་ཕྱོགས་སོ་སོ་ནས་ནན་གྱིས་ལག་ཏུ་བསྟར་ཡོད་ཅེས་གསུངས།

微信图片_20190104164917.jpg

གཅིག འགག་རྩ་དམ་འཛིན་དང་། ཐོད་བརྒལ་ཡོང་བ་བྱས་པས། སྐྱེ་ཁམས་འཛུགས་སྐྲུན་གཏིང་ཟབ་སར་སྐུལ་འདེད་བཏང་།

སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ལྕི་མོ་རང་རྟོགས་ཀྱིས་ཕྲག་ཏུ་བླངས་ཤིང་། གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་གནད་དོན་ལ་གཟས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད།

གཉིས།  འཕར་སྣོན་བརྟན་སྲུང་དང་། རིགས་སྒྱུར་ལ་སྐུལ་འདེད་བཏང་བས། དཔལ་འབྱོར་གོང་འཕེལ་ལྡོག་སྟོབས་ཀྱིས་བྱུང་།

གཟི་རྩ་སྡེ་དགུའི་ས་ཡོམ་རྗེས་མཐུད་ཤུགས་རྐྱེན་ལ་རང་འགུལ་སྒོས་ཁ་གཏད་ཅིང་། མ་དངུལ་གཏོང་འཇོག་ཤུགས་ཆེན་པོས་དམ་འཛིན་དང་། ཐོན་ལས་སྟོབས་ཆེ་རུ་བཏང་བ། བྱ་ཐབས་ལེགས་སྒྱུར་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་དུས་ཚིགས་བཞིན་གོང་དུ་འཕེལ། སྔོན་རྩིས་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར304མངོན་གྱུར་བྱུང་ལ། 4.6%འཕར།

གསུམ། དངོས་དོན་སྒྲུབ་པ་དང་། དམངས་འཚོར་ཕན་བཏགས་པས། མང་ཚོགས་ཀྱི་འཚོ་བ་ལེགས་འགྱུར་མངོན་གསལ་བྱུང་།

དབུལ་སེལ་འགག་སྒྲོལ་ལ་དམིགས་ཤིང་། ཞན་ཆ་གསབ་པ་དང་། ཉམས་དམས་སླར་གསོ། ཐ་གྲས་སྐྱོང་བར་མུ་མཐུད་ཤུགས་བསྣན། ལོ་ཧྲིལ་བོར་དམངས་འཚོའི་མ་དངུལ་སྒོར་དུང་ཕྱུར176བཏང་ལ།   དམངས་འཚོའི་ལས་གྲྭ་ཆེན་པོ་བཅུ་དང་། དམངས་འཚོའི་དངོས་དོན9ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།

微信图片_20190104164919.jpg

བཞི། རྨང་གཞི་སྲ་བརྟན་དང་། ཕུགས་རིང་ལ་དམིགས་པས། སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་བྱུང་།

ཁྲིམས་ལྟར་ཁུལ་སྐྱོང་བའི་ཇུས་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་། བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་ཏན་ཏིག་བཏང་བས། ཁུལ་ཡོངས་སྤྱི་ཚོགས་ཞི་མཐུན་དང་། མི་དམངས་བདེ་གནས་ཀྱི་རྣམ་པ་བཟང་བོ་མངོན།

  ལྔ། དཀའ་གནད་སྒྲོལ་བ་དང་། འཆིང་རྒྱ་བཀྲོལ་བས། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཇེ་ཆེར་ཕྱིན།

སྲིད་གཞུང་མ་ལག་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས་ཤིང་། “འདུ་ཤེས་བཞི”ཟམ་མི་ཆད་པར་ཤུགས་ཆེ་རུ་བཏང་ལ། ཁྲིམས་ལྟར་འགན་ནུས་ཕྱོགས་ཡོངས་ནས་ཡང་དག་པར་ལག་ལེན་བྱས་པས། སྲིད་གཞུང་གི་ལག་བསྟར་བྱེད་ཤུགས་དང་། ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན།

 མིག་སྔར། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཤིང་། སྒུལ་ཤུགས་དང་གནོན་ཤུགས་མཉམ་དུ་གནས་ལ། གོ་སྐབས་དང་འགྲན་སློང་མཉམ་དུ་གནས།  རྒྱལ་ཁབ་དང་། ཞིང་ཆེན་གྱིས་གསར་བརྗེའི་གནས་གཞི་རྙིང་བ་དང་། མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱས་ནས་གོང་སྤེལ་མགྱོགས་སུ་གཏོང་བའི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་ཡིན་ཞིང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་སྒུལ་བྱེད་པ། གྲོང་གསེབ་དར་རྒྱས་གོང་སྤེལ་གྱི་བྱེད་ཐབས་སྔར་བས་ཉིན་རེ་ལས་ཉིན་རེར་ཏན་ཏིག་ཡིན་པ། ལྷག་པར་ཏུ་ཞིང་ཆེན་ཏང་ཨུའི་སྐབས་གཅིག་པའི་ཚང་འཛོམས་གྲོས་གྲོས་ཚོགས་ཐེངས་གསུམ་པ་དང་། ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པས། “ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།རྩ་གཅིག་ཡལ་མང་དང་ཁུལ་ལྔ་མཐུན་སྡེབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུ་མགྱོགས་སུ་གཏོང་བའི”བཤུལ་ལམ་གསར་བ་བཏོད་པས། ང་ཚོར་གོ་སྐབས་གསར་བ་སྟེར་བ་དང་། སྒུལ་ཤུགས་གསར་བ་བསྣན། “སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ”གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། རང་ཁུལ་གྱིས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་ཚད་ལྡན་ཞིག་ཏུ་འགྱུར་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཡོད། ང་ཚོས་ངེས་པར་དུ་ཁ་ཕྱོགས་ལ་དམིགས་ཤིང་། གཙོ་གནད་འབུར་དུ་ཐོན་ལ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གསར་གཏོད་བྱ་དགོས་ཟེར།

微信图片_20190104164923.jpg

2019 ལོའི་གཙོ་གནད་ལས་དོན་ཕྱོགས་དགུའི་ཐད་ནས་བཤད།

གཅིག སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་གཏང་དགོས།

གཉིས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས།གསུམ། སྐྱེ་ཁམས་དཔལ་འབྱོར་གོང་སྤེལ་ཤུགས་ཆེར་གཏང་དགོས།

བཞི། གནོད་རྗེས་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏང་དགོས།

 ལྔ། དབུལ་སེལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་ལས་རྒྱལ་དགོས།དྲུག གྲོང་གསེབ་དར་རྒྱས་གོང་སྤེལ་ལ་སྐུལ་འདེད་གཏང་དགོས།  

བདུན། འཕེལ་རྒྱས་ཀྱི་སྒུལ་ནུས་མགྱོགས་མྱུར་བརྗེ་སྒྱུར་བྱ་དགོས།

བརྒྱད། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཇེ་ཆེར་གཏང་དགོས།

དགུ  སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས།

微信图片_20190104164926.jpg

微信图片_20190104164929.jpg

བདེ་སྐྱིད་ཐམས་ཅད་ནི་འབད་བརྩོན་ལས་བྱུང་ཞིང་། གྲུབ་འབྲས་ཡོངས་རྫོགས་ནི་འབད་འཐབ་ལས་བྱུང་བ་ཡིན།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ཀྱང་མཐུན་སྒྲིལ་དམ་ཟབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟེན་ནས་དམངས་ཤུགས་མཉམ་འདོན་དང་བློ་གཅིག་སེམས་གཅིག་གིས་བྱ་གཞག་བསྒྲུབ་ཅིང་།   “ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ”གི་དམིགས་འབེན་རླབས་པོ་ཆེ་སྔ་མོ་ནས་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ནས། རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

ཁུལ་དམངས་འཐུས་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་ཝང་ཆིན་གྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2019ལོའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ་སོགས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་འགོད་པ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི2018ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་ཀྱི་མ་ཟིན་སྐོར་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་པ། 2019ལོའི་ཁུལ་རིམ་པའི་སྔོན་རྩིས་ལ་ཆོག་མཆན་འགོད་པ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱེད་པ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ།《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག(མ་ཟིན)》ལ་གྲོས་ཞིབ་བྱེད་པ་དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་གྱི་འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་སྲོལ་ཡིག》(དག་བཅོས)(མ་ཟིན)》དང་།《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས<རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལག་བསྟར་བྱས་པའི་སྐོར་གྱི་བབ་བསྟུན་གཏན་འཁེལ>གྱི་ཐག་གཅོད(མ་ཟིན)སོགས་ལ་གྲོས་ཞིབ་བྱེད་པ་དང་། གཞན་འདེམས་བསྐོའི་དོན་ཚན་དང་དོན་དག་གཞན་དག་ལ་གྲོས་ཞིབ་བྱེད་རྒྱུ་རེད།

微信图片_20190104164933.jpg

微信图片_20190104164938.jpg

微信图片_20190104164941.jpg

 རྔ་བ་ཁུལ་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་མ་ཡིན་པའི་ཁུལ་ཨུ་དང་། ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད། འབྲེལ་ཡོད་ལས་ཁུངས་ཀྱི་ཁུལ་རིམ་འགོ་ཁྲིད། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་པོ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་དྲུང་ཡིག་པ་གཞོན་པ། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྡེ་ཁག་གི་འགན་འཛིན་གཙོ་སྐྱོང་བ། ཁུལ་དམངས་ཆེན་རྒྱུན་ཨུ་ཚོགས་པའི་ལས་ཀ་སྒྲིག་གཞིའི་འགན་ཁུར་བ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ།  ཚོགས་པའི་རྩ་འཛུགས་འགན་ཁུར་བ། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་གཅིག་ལྕོགས་ཡིན་པའི་ལས་ཁུངས་ཀྱི་འགན་ཁུར་བ། ཁུལ་གཏོགས་དྲག་ཆས་ཉེན་རྟོག་རུ་ཁག ནགས་ཚལ་མེ་འགོག་རུ་ཁག་གི་འགོ་ཁྲིད། ཁུལ་ནང་གི་ཁེ་ལས་འགན་ཁུར་བ་ཁ་ཤས། ཁུལ་སྡོད་ཀྱི་རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་ཆེན་འཐུས་མི། རྫོང་སོ་སོའི་བོད་སྐྱོར་ལས་བྱེད་རུ་དཔུང་། སྲིད་གྲོས་རྔ་བ་ཁུལ་གྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པར་ཚོགས་ཞུགས་གནང་བའི་ཨུ་ཡོན་ཡོངས་རྫོགས་དང་ཟུར་ཞུགས་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཁུལ་རིམ་པའི་རྫོང་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་ཀྱིས་ཚོགས་ཆེན་ལ་ཟུར་ཉན་གནང་། 

微信图片_20190104164945.jpg

微信图片_20190104164947.jpg

微信图片_20190104164954.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།