ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་འབར་ཁམས་སུ་ཚོགས་འགོ་བརྩམས།

༡༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས3ཉིན་གྱི་སྔ་དྲོར་འབར་ཁམས་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་བྱ་བའི་སྙན་ཞུ་ཕུལ་བ་དང་། ཀྲུའུ་ཞི་གཞོན་པ་ཝང་པིན་གྱིས་གྲོས་གཞི་བྱ་བའི་སྐོར་གྱི་སྙན་ཞུ་ཕུལ།  

གྲོས་ཚོགས་ལ་ཞུགས་དགོས་པའི་མི་གྲངས279དང་། དངོས་སུ་ཞུགས་པའི་མི་གྲངས256ཡོད་ལ། དེ་ནི་སྲིད་གྲོས་ཀྱིས་གཏན་འབེབ་གནང་བའི་སྒྲིག་ཡིག་དང་ཡོངས་སུ་མཐུན།

༢༢.jpg

 གྲོས་ཚོགས་ཀྱི་ཀྲུའུ་ཞི་སྟེབས་བུའི་མདུན་གྲལ་དུ་ཀྲུའུ་ཞི་ཉི་མ་འབུམ་དང་། ཀྲུའུ་ཞི་གཞོན་པ་ཝང་མིང་ཧེའུ། ཝང་པིན། ཀྲུང་ཞོའུ་ཕིང་། སྟག་ཚ་བསྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ།  ཆེན་ཁཱ་ཅེན། ལུང་ཀོང་།  ཝང་ཧྲིན།  ཁྲིན་ཧྥོའུ་ཧྲིན།  ཧུང་ཞིའུ་དབྱིན།  དྲུང་ཡིག་པ་ཆེན་མོ་མོའུ་ཝུའུ་ཏུང་སོགས་ཞུགས་ཡོད་པ་དང་།   གྲོས་ཚོགས་ཀྱི་སྟེབས་བུའི་རྒྱབ་གྲལ་དུ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཁུ་ཉིང་། ཁུལ་དམངས་འཐུས་རྒྱུན་ཨུའི་ཀྲུརུ་རིན་ཀོའུ་ཡོན་ལུང་།  ལུའུ་ཝུའུ་ཀོའུ་སོགས་ཞུགས་ཡོད།

༣.jpg

ཝང་མིང་ཧེའུ་ཡིས་ཚོགས་འདུར་འགོ་འཛིན་མཛད།

 གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ཉི་མ་འབུམ་དང་།ཝང་མིང་ཧེའུ། ཀྲུང་ཞོའུ་ཕིང་།  ཁྲིན་ཧྥོའུ་ཧྲིན་བཅས་ཡིན། ཝང་མིང་ཧེའུ་ཡིས་ཚོགས་འདུར་འགོ་འཛིན་མཛད་པ་མ་ཟད། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་འགོ་བརྩམ་པ་ཁྱབ་བསྒྲགས་གནང་ཞིང་། གཟི་བརྗིད་ལྡན་པའི་རྒྱལ་གླུའི་གདངས་འགྱུར་ཁྲོད་ནས་གྲོས་ཚོགས་ཀྱི་འགོ་དངོས་སུ་བརྩམས་པ་རེད།

微信图片_20190104164322.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་བྱ་བའི་སྙན་ཞུ་ཕུལ་བཞིན་པ།

 ཐོག་མར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའིཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་མཐུན་བྱུང་བ་དང་། སྲིད་གྲོས་གྲོས་མོལ་ཚོགས་འདུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་བྱ་བའི་སྙན་ཞུ་ཕུལ།

 སྙན་ཞུའི་ཁྲོད་བསྟན་དོན། 2018ལོ་ནི་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་འགོ་འཛིན་པའི་ལོ་ཡིན། ལོ་ངོ་གཅིག་གི་རིང་ལ་མི་དམངས་སྲིད་གྲོས་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལེགས་བཅོས་དང་ཤུགས་སྣོན། སི་ཁྲོན་ལས་ཀའི་སྐོར་གྱི་གལ་ཆེན་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་གུང་རྔ་བ་ཁུལ་ཨུའི་སྟོབས་ལྡན་འགོ་ཁྲིད་བྱས་འོག་རྒྱལ་གཅེང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེ་ཁག་གཉིས་མངོན་གསལ་དོད་པོར་བྱས། སྐབས་བཅུ་གཅིག་པའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས“སྐྱེ་ཁམས་དང་། འཕེལ་རྒྱས། དམངས་འཚོ། བརྟན་ལྷིང་། ཀུན་སྤྱོད”ཀྱི་གཙོ་གནད་ལྔར་དམ་འཛིན་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་    ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཆེ་ཁག་གསུམ་ཟབ་ནན་ལག་བསྟར་བྱས་ཤིང་། འབྲེལ་བ་སྙོམས་སྒྲིག་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་བཏོན། སྤྱི་ཕྱོགས་ཞབས་འདེགས་བཅས་ཀྱི་ནུས་པ་བཞི་འདོན་སྤེལ་གང་ལེགས་བྱས་ཏེ། “ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ”གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྣན་ནས། རང་ཁུལ་གྱི་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལེ་ཚན་གསར་པ་བཞེངས་ཡོད།

༦༦.jpg

༧༧.jpg

  གཅིག ཆབ་སྲིད་ལངས་ཕྱོགས་བརྟན་པོས་སྤྱི་ཕྱོགས་ཞབས་ཞུར་སྲིད་གྲོས་འགན་ལེན་མཚོན་པ།

ལོ་ངོ་གཅིག་གི་རིང་ལ་ཁུལ་ཨུ་ཡིས་སྲིད་གྲོས་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ཤུགས་བསྣན་བྱས་ཤིང་། ཁུལ་ཡོངས་ཀྱི་ལས་དོན་ཡོངས་ལ་དམིགས་ནས་སྲིད་གྲོས་ནུས་པ་འདོན་སྤེལ་དང་། སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་ལས་སྒྲུབ་ལ་རྒྱབ་སྐྱོར་བཏང་བ། ལིའུ་ཕིང་ཧྲུའུ་ཅི་ལས་གནས་སུ་བཞེས་པ་ནས་བཟུང་སྟེ་བྱམས་བརྩེ་ལྡན་པའི་ངང་སྲིད་གྲོས་སུ་བརྟག་ཞིབ་དང་། ལས་དོན་སྙན་ཞུར་ཉན་པ། ལས་བྱེད་མི་སྣ་ཡིས་ཨུ་ཡོན་དང་མཉམ་དུ་ཁ་བརྡ་དང་མཉམ་དུ་ཇུས་འབུལ་ཐབས་འདོན་སྐུལ་སློང་བཏང་བ་མ་ཚད། སྲིད་གྲོས་འགན་ནུས་སྒྲུབ་པ་ལ་གཙོ་གནད་བཤད་ཅིང་ཁ་ཕྱོགས་བསྟན་ནས་ཁུལ་ཡོངས་སྲིད་གྲོས་ཀྱིས་ལས་དོན་ལེགས་པོར་གཉེར་བ་དང་སྤྱི་ཕྱོགས་སུ་ཞབས་འདེགས་ཞུ་བའི་ཆོད་སེམས་དང་ཡིད་ཆེས་ཆེར་བསྐྱེད། ཁུལ་ཨུའི་ཐུགས་ཁུར་དང་རེ་སྨོན་འཁུར་ཏེ་སྲིད་གྲོས་རྒྱུན་ཨུ་ཁང་གིས“ཁུལ་ཨུའི་ལྟེ་བའི་ལས་དོན་གང་དུ་སླེབས་པ་ན། སྲིད་གྲོས་འགན་ནུས་ལག་བསྟར་དེར་སླེབས་པའི”ལས་ཀའི་ལམ་ཕྱོགས་རྒྱུན་འཁྱོངས་ཏེ། རང་འགུལ་གྱིས“ཁུལ་ཨུས་འབོད་སྐུལ་ཡོད་ན་སྲིད་གྲོས་ཀྱིས་བྱེད་སྒོ་ཡོད་པ་དང་། ཁུལ་ཨུས་བཀོད་སྒྲིག་ཡོད་ན་སྲིད་གྲོས་ཀྱིས་དོན་འཁྱོལ་ཡོད་པར”བྱས་ཏེ་ལས་དོན་ཁག་རྣམས། ཁུལ་ཨུའི་ལས་དོན་དང་ཕྱོགས་གཅིག་ཏུ་འགྲོགས་པ་དང་ཕྱོགས་གཅིག་ཏུ་ཤུགས་བཏོན་པར་འགན་སྲུང་བྱས་ཡོད།

གཉིས། ནན་ཏན་གྱིས་འགན་ནུས་བསྒྲུབས་ཏེ་ཇུས་བཏོན་ཐབས་སྤྲོད་ཁྲོད་སྲིད་གྲོས་ཀྱི་སྟོབས་ཤུགས་བསྡུས་པ།

 ལོ་ངོ་གཅིག་གི་རིང་ལ་ང་ཚོས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕན་ལྡན་དོན་བསྟུན་གྱི་སྲིད་གླེང་སྲིད་ཞུགས་ཕན་འབྲས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུས།

༩༩༩.jpg

 གསུམ། ཆེད་གཉེར་ལས་དོན་ནན་མོར་བཏང་ནས་སྤུས་ཚད་མཐོར་འདེགས་དང་ཕན་ནུས་ཆེར་བསྐྱེད་ཁྲོད་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་པ།

 ལོ་ངོ་གཅིག་གི་རིང་ལ་ང་ཚོས་འགན་ནུས་སྒྲུབ་པའི་ཁྱད་ཆོས་གཙིགས་ཆེན་དང་། འཚོལ་ཞིབ་གསར་གཏོད་བྱ་རྒྱུར་ཤུགས་བསྣན་ཏེ་ལས་སྒྲུབ་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་བཏང་བས། གྲོས་གཞི་དང་། རིག་གནས་ལོ་རྒྱུས། དྲིལ་བསྒྲགས་སོགས་ཀྱི་ཆེད་གཉེར་ལས་དོན་ལ་མུ་མཐུད་དུ་གྲུབ་འབྲས་གསར་བ་ཐོབ་ཡོད་ཟེར།

 སྙན་ཞུའི་ཁྲོད་བསྟན་དོན། ལོ་གཅིག་གི་རིང་ལ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོབ་པའི་གྲུབ་འབྲས་ནི། ཀྲུང་གུང་རྔ་བ་ཁུལ་ཨུས་ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་ཡང་དག་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་བརྩེ་སེམས་འཁོལ་བའི་ཐུགས་ཁུར་དང་ནུས་ཤུགས་གང་ཡོད་ཀྱིས་མཛུབ་སྟོན་བྱེད་པ་དང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་། མི་དམངས་འཐུས་མི་ཚོགས་ཆེན། སྲིད་གཞུང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཕན་ཚུན་རྒྱབ་སྐྱོར་དང་ཟུར་འདེགས་གང་ཐུབ་བཅས་ཡིན་པ་མ་ཚད། རྫོང་ཁག་གི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བྱ་བ་ཏན་ཏིག་གིས་སྒྲུབ་པ་ལ་ཁ་བྲལ་དུ་མི་རུང་བས། འདིར་ངས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཟད་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ།༢༠༡༩ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་གདོང་མཆོང་གི་ལོ་ཞིག་ཡིན་ལ། ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར༧༠དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ༧༠འཁོར་བའི་ལོ་ཡང་ཡིན། ཁུལ་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཐེངས་དྲུག་པ་བཅས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཀྲུང་གུང་རྔ་བ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་མངོན་པར་གཏོད་དེ། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་དང་། འགག་རྩ་ལྔ་ལ་གཏན་འཁེལ་བྱས་ནས། ནན་ཏན་སྒོས་རང་འགན་གཙང་སྒྲུབ་བྱེད་པ། སྟོབས་ཤུགས་ཡོད་རྒུས་རྔ་ཁུལ་ཚུལ་སྒྱུར་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཆོང་བརྒལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས“ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ”མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

༨༨.jpg

ཝང་པིན་གྱིས་སྲིད་གྲོས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་དང་དུ་བླངས་ནས། ཚོགས་ཆེན་ལ་སྐབས་འདིའི་གྲོས་ཚོགས་ཐེངས་གཉིས་པ་ཚུན་གྱི་གྲོས་གཞིའི་ལས་དོན་སྙན་ཞུ་ཕུལ། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་བའི་དམངས་འཚོའི་གནད་དོན་ལ་དམིགས་ནས། བློ་ཞིབ་མོས་བརྗོད་གཞི་བདམས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ་ཁྱོན་བསྡོམས་བསམ་འཆར་དང་གྲོས་འགོ་༡༤༨བཏོན་ཡོད་པས། སྤྱིའི་ཆ་ནས་བལྟས་ན། གྲོས་གཞིའི་གྲངས་ཀ་བརྟན་པོ་ཡིན་པ་མ་ཟད། ནང་དོན་ཡང་ཕུན་ཚོགས་ཤིང་སྤུས་ཚད་ཇེ་བཟང་དུ་འགྲོ་བཞིན་ཡོད་པའི་སྐོར་སྙན་ཞུ་ཞུས།

 ཀྲུང་གུང་རྔ་བ་ཁུལ་ཨུ་དང་། ཁུལ་དམངས་འཐུས་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་།  ཁུལ་སྲིད་གྲོས་ཀྱི་ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད། རྔ་བའི་ཡན་ལག་དམག་ཁུལ། ཁུལ་མི་དམངས་ཞིབ་དཔྱོད་ཁང་།  དྲག་ཆས་ཉེན་རྟོག་རྔ་བའི་རུ་ཁག རྔ་བ་དགེ་འོས་སློབ་གླིང་གི་འགོ་ཁྲིད། ཁུལ་སྡོད་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཁུལ་རིམ་པའི་རྫོང་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་ཀྱིས་ཚོགས་ཆེན་ལ་ཟུར་ཞུགས་གནང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།