ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚོ་ཆུང་དཀར་མཛེས་ཁུལ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ེ་ཆར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་སྣེ་ཁྲིད་བྱས་ཏེ་སི་ཁྲོན་ཞིང་ཆེན་དཀར་མཚེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་དང་ཆོས་ལུགས་ལས་རིགས་འཐུས་མིའི་དཔུང་སྡེ་འཛུགས་སྐྱོང་། དབུལ་ཐར་འགག་སྒྲོལ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་ཐད་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་འགན་བཞེས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་ནས་བརྟག་ཞིབ་ཚོ་ཆུང་ལ་དགའ་བསུ་ཞུ་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དུས་ཡུན་རིང་པོར་དཀར་མཛེས་བོད་རིགས་ས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བར་མ་ཟད། རང་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུས་སྙན་སེང་གནད་བསྡུས་ཞུ་བ་རེད།

དགྲ་འདུལ་གྱིས་བསྟན་དོན། དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ཆེན་པོ་ཨང་གཉིས་པའི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ལོ་མང་པོའི་རིང་ལ་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཀྲུང་དབྱང་གི་བོད་རིགས་ས་ཁུལ་ལས་དོན་སྐོར་གྱི་ཇུས་གཞི་དང་བཀོད་སྒྲིག་རབ་དང་རིམ་པའི་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་བྱེད་ཐབས་ནུས་ལྡན་ཧུར་ཐག་སྤྱོད་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་མགྱོགས་པོ་དང་། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས། སྤྱི་ཚོགས་ཁྱོན་ཡོངས་ནས་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ནན་ཏན་བྱས་ནས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་བཟོས་ནས་ཀྲུང་དབྱང་གི་འགོ་ཁྲིད་དང་འབྲེལ་ཡོད་པུའུ་ཨུར་ཕུལ་ནས་དཀར་མཛེས་ཁུལ་གྱི་བོད་རིགས་ས་ཁུལ་འཕེལ་རྒྱས་མཆོང་སྐྱོད་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་རོགས་བྱ་རྒྱུ་ཡིན་ཞེས་གསུང་པ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།