དཀར་མཛེས་ཁུལ་གྱི་རིག་གནས་ཐོན་རྫས་ཧྲེན་ཀྲན་རིག་གནས་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས།

2018051609353399903.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་བཅུ་བཞི་པའི་ཀྲུང་གོའི﹙ཧྲེན་ཀྲན﹚རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་དེ་ཧྲེན་ཀྲན་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་སྐུ་མགྲོན་ཚོའི་ཡིད་དབང་འཕྲོག་པ་རེད། འགྲེམས་ཁང་ནང་གི་མདུན་སྒོའི་སྔོན་དུ་བདེ་མཆོག་གཞིས་ཀའི་ཞིང་ལས་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་གི་བཀྲ་དགའ་ཡིས་ཡུལ་དངོས་སུ་རྡོ་རང་འཐག་གི་རྩམ་པ་བཟོ་སྟངས་ཀྱི་གོ་རིམ་བསྟན་པ་རེད། ཁོས་རྩམ་པ་ནི་ནས་བརྔོས་ནས་འཐག་པའི་ཕྱེ་མ་ཡིན་ཞིང་། རང་བྱུང་ལྷད་མེད་ཀྱི་ཟས་རིགས་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་བཟའ་བཅའ་གཙོ་བོ་ཞིག་ཡིན་པ་རེད་ཅེས་བཤད། སྐབས་དེར་ཧྲེན་ཀྲན་གྱི་ཡུལ་མི་མང་པོས་རྩམ་པའི་བྲོ་བ་མྱོང་བའི་དུས་མཚུངས་སུ་གནའ་བོའི་སྲོལ་རྒྱུན་བཟོ་རྩལ་ལག་ཤེས་འདི་ཉམས་ལེན་བྱེད་པ་རེད།

ཡུལ་དངོས་ཀྱི་ལོགས་གཞན་ཞིག་ལ། ཞིང་ཆེན་རིམ་པའི་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པ་པ་སངས་དོན་འགྲུབ་ཀྱི་བོད་ཡིག་ཡིག་གཟུགས་དེས་ཡིག་གཟུགས་ལ་དགའ་མཁན་གྱི་མི་མང་པོའི་མིག་དབང་འཕྲོག་པ་རེད། པ་སངས་དོན་འགྲུབ་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོ་སྐབས་འདི་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། ཐོབ་དཀའ་བའི་གོ་སྐབས་འདིའི་ནང་བརྩམས་ཆོས་ལ་འགྲེམས་སྟོན་དང་དྲིལ་བསྒྲགས་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་མི་རྣམས་ཀྱིས་རང་ཁུལ་གྱི་མི་རིགས་རིག་གནས་སྔར་བས་མང་ཙམ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།