2022ལོར་སླེབས་པ་ན་སི་ཁྲོན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2014ལོ་ལས་ལྡབ་གཅིག་གི་འཕར་རྒྱུ་རེད།

1122263820_15160617770931n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་གིས་ཉེ་ཆར་པར་འགྲེམས་བྱས་པའི《 ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཁུལ་བཞིའི་རྟེན་གཞི་བཞི་འཛུགས་སྐྲུན་ལག་བསྟར་གྱི་ཇུས་གཞི》ནང་བཏོན་པ་ལྟར་ན། ལོ5ཡི་དུས་ཚོད་སྤྱད་ནས་སི་ཁྲོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་རྒྱུན་སྲིང་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཞིང་སྡེའི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་དཔེ་སྟོན་ཁུལ། རྒྱལ་ཡོངས་ཞིང་སྡེའི་སྒྱུར་བཅོས་དཔེ་སྟོན་ཁུལ། རྒྱལ་ཡོངས་ཞིང་ལས་སོས་དལ་ལུས་གསོའི་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་སྤུས་ལེགས་འབྲུ་རིགས་དང་སྣུམ་གྱི་ཐོན་རྫས་ཐོན་སྐྱེད་རྟེན་གཞི། རྒྱལ་ཡོངས་ཀྱི་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འདོན་སྤྲོད་རྟེན་གཞི། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཚོང་ཟོག་ཕག་གི་འཐབ་ཇུས་འགན་ལེན་རྟེན་གཞི། རྒྱལ་ཡོངས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ལས་སྣོན་རྟེན་གཞི་བཅས་སུ་འཛུགས་སྐྲུན་བྱས་ཏེ། མགྱོགས་མྱུར་ངང་ཞིང་ལས་ཀྱི་ཞིང་ཆེན་ཆེ་གྲས་ནས་ཞིང་ལས་ཀྱི་ཞིང་ཆེན་་སྟོབས་ཆེན་དུ་མཆོང་སྐྱོད་བྱེད་པ་མངོན་འགྱུར་བྱེད་དགོས། 2022ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་ཀྱི་རིན་ཐང་འཕར་མ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་།  ཞིང་ལས་ཚན་རྩལ་གྱི་ཕན་འབྲས་འབུལ་ཚད62% སླེབས་ཡོད་ཅིང་།  རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད85.5%སླེབས་ཏེ་ཕྱོགས་ཏཡོངས་ནས་“ཚོད་འཛིན་གཅིག་དང་ཉུང་འཕྲི་གཉིས། གཞི་རྩ་གསུམ”དང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2014 ལོ་ལས་ལྡབ་གཅིག་འཕར་བ་མངོན་འགྱུར་བྱ་དགོས།

《 ཇུས་གཞི》 མ་འོངས་པའི་ལོ5རིང་གི“ཁུལ་བཞི་དང་རྟེན་གཞི་བཞི”འཛུགས་སྐྲུན་ཐད་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཤིང་། ད་རུང་ཆེད་དུ་ཆེད་བསྒྲིགས་ལེ་ཚན28བཙུགས་ནས་ཞིང་ལས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། གྲོན་ཆུང་གིས་ལས་གྲྭ་བེད་སྤྱོད། ཞིང་ལས་སྤུས་རྟགས་སྐྱེད་སྲིང་ལས་གཞི།  ཤིང་ཏོག་ལེགས་ཆའི་ཐོན་ལས་ཁུལ་ཆེན་པོ་ལྔ་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་གྱི་སྒྲིག་བཀོད་སོགས་གཙོ་གནད་ལས་གྲྭ་དང་འཛུགས་སྐྲུན་ཁྱབ་ཚུལ་བཀོད་སྒྲིག་གི་བྱ་བར་འབུར་ཐོན་དང་ཁ་གསལ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།