གཡག་རྔ་ནས་དར་རྩེ་མདོའི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁ་ནས་དར་རྩེ་མདོ་ལམ་བར་གྱི"ཁྲོན་བོད་ཟམ་པ་དང་པོ"འཛུགས་སྐྲུན་བདེ་བླག་ངང་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། "ཁྲོན་བོད་ཟམ་པ་དང་པོ"ཞེས་གྲགས་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁ་ནས་དར་རྩེ་མདོ་བར་གྱི་རྒྱལ་མོ་རྔུལ་ཆུའི་ཁམས་དར་ཟམ་ཆེན་གྱི་ངར་ལྕགས་གདུང་མ་འཕྲལ་མར་སྦྲེལ་ཐུབ་པ་རེད། ཟམ་པ་དེའི་རིང་ཚད་ལ་སྨི་ཁྱོན་བསྡོམས1411ཡོད་ལ། གཙང་པོའི་ངོས་ནས་ཟམ་པ་བར་དུ་མཐོ་ཚད་ལ་སྨི239ཡོད། ཟམ་པའི་གཙོ་ངོས་ཀྱི་དཔྱངས་ཚད་ལ་སྨི1100ཡོད་པ་རེད། ས་བབ་མཐོ་བ་དང་ཡོམ་འགུལ་ཆེ་ཁུལ་ཡིན་པ། རླུང་རྒྱུན་གྱི་འགྱུར་ལྡོག་ཆེ་བ་བཅས་ཀྱི་ཁོར་ཡུག་འོག  ཟམ་པ་རྒྱག་པར་དཀའ་ངལ་ཆེན་པོ་ཡོད་སྟབས། ཟམ་པ་འདི་ནི་ཚོད་དཔག་བྱས་ན2018ལོའི་ཟླ8པར་བསྐྲུན་ཐུབ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།