ཕྱུག་འགྱུར་གྱི་གོམ་སྟབས་སྤོ་སའི་དམངས་ཕན་གཞུང་ལམ།

2017092609204577084.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་འདྲ་ཡིན་ན་ང་ཚོའི་གྲོང་ལ་འཕྲུལ་ཆའི་ལམ་ག་མེད། ཅ་ལག་ཚང་མ་མིས་ཁུར་རྟ་ལ་འགེལ་དགོས་རེད། དེའི་རྗེས་རྫོང་ཨུའི་ཧྲུའུ་ཅི་བྱང་ཆུབ་ཡིན་པའི་སྐབས་ང་ཚོ་གྲོང་པའི་འཕྲུལ་ཆ་ལམ་དང་པོ་བཟོས་ཡོད་རེད། དེའི་སྐབས་སུ་བཤད་ན་ལམ་བཟོ་སའི་འཕྲུལ་ཆ་ཡོད་ལེ་མ་རེད། ཚང་མ་ལག་ལས་རྐྱང་རྐྱང་ཡིན་རེད། བྲག་རི་འདྲ་འཕྲད་ན་འགད་རྫས་རེ་གཉིས་ལས་སྤྱད་རྒྱུ་མེད། ལམ་དེ་ལས་པའི་ཚེ་དཀའ་ལས་མང་པོ་བརྒྱབ་ཡོད་པ་རེད། ད་ལོར་རྫོང་ཚང་གིས་འཕྲུལ་ཆ་ཁུར་ནས་ང་ཚོ་གྲོང་པའི་ལམ་དེ་སྣུམ་ཞལ་གཞུང་ལམ་དུ་གསར་སྐྲུན་བྱས་པ་ནས་བཟུང་། ང་ཚོ་མི་སེར་ཚང་མ་ཡར་འགྲོ་མ་འོང་སྟབས་བདེ་མོ་ཡིན་པས་མ་ཚད། དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་གྲོང་ནས་ནང་ཉོ་མཁན་སླེབས་བྱུང་། སྔོན་མ་འདྲ་ཡིན་ན་བེ་ཤ་རྒྱ་མ་གང་ལ་སྒོར་མོ་ཉི་ཤུ་སུམ་བཅུ་མ་གཏོགས་ག་ལ་རག    ད་ལོ་འདྲ་ཡིན་ན་རྒྱ་མ་གང་ལ་སྒོར50རག་བྱུང་། ཏང་གི་བཀའ་དྲིན་འཇལ་ཐུབ་རྒྱུ་མ་རེད་ཅེས་པའི་སྐད་ཆ་འདི་དག་ནི་ཕྱག་ཕྲེང་རྫོང་གྲོང་མཛེ་གྲོང་པའི་ཡུལ་མི་འཕྲིན་ལས་ཀྱིས་བཤད་པ་རེད།

ཕྱག་ཕྲེང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དོན་འགྲུབ་ཀྱིས་གནམ་དྭངས་དུས་ཐལ་བ་འཚུབ་ཅིང་། ཆར་བབས་དུས་འདམ་བག་གིས་ཁེངས་པ་དང་། དགུན་གྱི་དུས་སུ་འཁྱག་པས་བསྡམས་པ་ནི་གྲོང་མཛེ་གྲོང་པའི་ལམ་གྱིས་ང་རང་ལ་བཞག་པའི་བག་ཆགས་རེད། རྫོང་གིས་ས་གོང་ཤང་གི་གྲོང་མཛེ་གྲོང་པའི་དོན་དངོས་དང་རྫོང་གི་གྲོང་པའི་གཞུང་ལམ་སྐོར་གྱི་འཛུགས་སྐྲུན་དམིགས་ཡུལ་དང་བསྟུན་ཏེ། མ་དངུལ་སྒོར་ཁྲི་སྟོང་གཅིག་བཏང་ནས་གྲོང་མཛེ་གྲོང་གི་གྲོང་བགྲོད་གཞུང་ལམ་སྤྱི་ལེ9.16དེ་སྣུམ་ཞལ་ལམ་དུ་བསྒྱུར་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ནས། ཕྱག་ཕྲེང་རྫོང་གི་ད་ལོ་མ་དངུལ་སྒོ་དུང་ཕྱུར2བཏང་ནས་གྲོང་རྡལ12ལ་འགྱིག་སྣུམ་ལམ་དང་གྲོང་སྡེ89ཡི་གྲོང་པའི་གཞུང་ལམ་ལས་བཞིན་ཡོད། ཨར་ལས་དེ་ལེགས་འགྲུབ་ཡོང་རྗེས། རྫོང་ཡོངས་ཀྱི་གྲོང་རྡལ་དང་ཤང་། གྲོང་པ་ཀུན་གྱི་འགྲོ་ལམ་ཐད་དཀའ་ངལ་མེད་པར་གྱུར་པ་རེད།

ཕྱག་ཕྲེང་རྫོང་གིས་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་དགེ་མཚན་དང་བསྟུན་ནས་ཤར་ནས་འདབ་པ་རྫོང་དང་ལྷོ་སྡེ་རོང་རྫོང་། ནུབ་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་རྫོང་བར་གྱི་རྒྱལ་སྲུང་གཞུང་ལམ549པ་སོགས་ལས་བཞིན་ཡོད་པ་རེད། དམངས་ཕན་གཞུང་ལམ་དེ་དག་གི་ཐོག་ནས་མང་ཚོགས་ཀྱིས་ཕྱུག་འགྱུར་གྱི་གོམ་པ་སྤོས་དང་སྤོ་བཞིན་ཡོད་དོ།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།