ལྕགས་ཟམ་རྫོང་གིས་བྱས་རྗེས་གཟེངས་རྟགས་ཐོབ་མྱོང་པའི་དམག་མིའི་ཁྱིམ་ཚང་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་མྱེ་ལགས། ཁྱེད་རང་གི་བུས་དཔུང་སྡེའི་ནང་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། བརྒྱད་གཅིག་དམག་འཛུགས་དུས་ཆེན་སླེབས་ལ་ཉེ་སྐབས་ང་ཚོས་ཆེད་དུ་གཏམ་བཟང་དེ་བཤད་རྒྱུ་དང་སྦྲགས་ཁྱེད་རང་ལྟ་སར་ཡོང་བ་ཡིན། ཁྱེད་རྣམ་པས་མེས་རྒྱལ་གྱི་རྒྱལ་སྲུང་བྱ་གཞག་ལ་བྱས་རྗེས་བཞག་ཡོད་པས་བཀའ་དྲིན་ཆེ་ཞེས་པ་འདི་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་ཝུན་ཡའོ་ཀོང་དང་། རྫོང་ཨུའི་རྒྱུན་ཨུ་དང་རྫོང་མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན་པའེ་ཅ་དབྱང་སོགས་འགོ་ཁྲིད་ཀྱིས་ཁག་དབྱེ་ནས་ལས་སྒྲུབ་ཚོ་ཆུང་ཁྲིད་ཏེ་ལྕགས་ཟམ་རྫོང་གི2016ལོར་བྱས་རྗེས་གཟེངས་རྟགས་ཐོབ་མྱོང་པའི་དམག་མིའི་ཁྱིམ་ཚང་ལ་འཚམས་འདྲི་ཞུ་སར་ཕྱིན་པའི་སྐབས་སུ་བཤད་པའི་སྐད་ཆ་རེད།

བརྒྱད་གཅིག་དམག་འཛུགས་དུས་ཆེན་ཤར་གྲབས་ཡོད་སྐབས། རྫོང་དེས་བྱེད་སྒོ་རབ་རིམ་སྤེལ་ཏེ་མུ་མཐུད་དེ་དམག་བཀུར་ཁྱིམ་སྐྱོང་གི་གསར་སྐྲུན་ལས་ཀའི་གྲུབ་འབྲས་སྲ་བརྟན་བཏང་ཞིང་། དྲིལ་བསྒྲགས་སྦྱར་ཡིག་དང་། བརྙན་འཕྲིན། དྲ་བ། འཕྲིན་ཕྲན་སོགས་བརྒྱུད་ནས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མིའི་ལོ་ངོ90རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྔོན་ཐོན་མི་སྣ་དང་བྱ་གཞག་དྲིལ་བསྒྲགས་བྱས་ནས། རྫོང་ཡོངས་ཀྱི་ཏང་སྲིད་དང་ཁེ་ལས་དོན་ལས་སྡེ་ཚན་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་ཟབ་ཏུ་སྤེལ། 

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་བཙུགས་ནས་ལོ་ངོ90འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དམག་དམངས་མཉམ་སྤྲོའི་སྒྱུ་རྩལ་བྱེད་སྒོ་སྤེལ་ནས། ཡུལ་དེར་བཅའ་སྡོད་བྱེད་པའི་དཔུང་སྡེར་ཡིད་དབང་འཕྲོག་པའི་སྒྱུ་རྩལ་ལེ་ཚན་ཞིག་ཕུལ་བ་དང་། རྫོང་གི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་བྱས་ནས་ཡུལ་དེར་བཅའ་སྡོད་བྱེད་པའི་དཔུང་སྡེ9ལ་འཚམས་འདྲིའི་མ་དངུལ་སྒོར་ཁྲི9སྟེར་ནས་དཔུང་སྡེའི་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས། བྱས་རྗེས་ཅན་ལ་གཅེས་སེམས་འབུལ་ཞེས་པའི་བྱེད་སྒོ་སྤེལ་བ་དང་གཟིགས་སྐྱོང་བྱ་ཡུལ་གཙོ་བོར་བདེ་ཐང་ཞིབ་བཤེར་བྱ་རྒྱུ་རྩ་འཛུགས་བྱས། བྱས་རྗེས་གཟེངས་རྟགས་ཐོབ་མྱོང་པའི་དུད་ཚང22ལ་འཚམས་འདྲིའི་མ་དངུལ་སྒོར5600སྟེར་བ་དང་། གཟིགས་སྐྱོང་བྱ་ཡུལ་གཙོ་བོའི་དུད་ཚང291ལ་འཚམས་འདྲིའི་མ་དངུལ་སྒོར་ཁྲི14.55སྟེར་བ། དཔུང་སྡེའི་དཔོན་དམག་རྩ་འཛུགས་བྱས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དམག་དམངས་བར་གྱི་ཉ་ཆུའི་འབྲེལ་བ་རྒྱུན་མཐུད་བཏང་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་དོ།།  

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།