2017ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་དང་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་དང་པོའི་གསར་རྩོམ་ཚོགས་འདུ་ལི་ཐང་དུ་འཚོགས།

1499133421403349.jpg

ཚོགས་ར་དངོས།

1499133421855151.jpg

སི་ཁྲོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའ་ཞི་གཞོན་པ་དང་དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་གཙོ་སྐྱོང་གནང་བཞིན་པ།

1499133421998860.jpg

ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེས་གསུང་བཤད་གནང་བཞིན་པ།

1499133421945160.jpg

《མི་རིགས་ཀྱི་རྩོམ་རིག》གི་གཙོ་སྒྲིག་པ་གཞོན་པ་ཀྲའོ་ཡན་པིའུ་ཡིས་གསུང་བཤད་གནང་བཞིན་པ།

1499133421898018.jpg

རྩོམ་རིག་དཔྱད་བརྗོད་པ་ཧི་ཙེ་དབྱིན་གྱིས་འཆད་ཁྲིད་གནང་བཞིན་པ།

1499133421232333.jpg

བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་ནོར་བུ་ཡིས་འཆད་ཁྲིད་གནང་བཞིན་པ།

1499133421732430.jpg

ཚོགས་འདུ་ལ་ཞུགས་པ་རྣམས།

《གངས་དཀར་རི་བོ》དང《ཁམས་པའི་འཛུམ་རིས》ལ་དགའ་བསུ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས3ཉིན། 2017ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་དང་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་དང་པོའི་གསར་རྩོམ་ཚོགས་འདུ་ལི་ཐང་རྫོང་དུ་འཚོགས་པ་རེད།

བྱེད་སྒོ་འདི་ནི་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་དང་ཀྲུང་གུང་ལི་ཐང་རྫོང་ཨུ། ལི་ཐང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་དང་ཁུལ་གླུ་གར་ཚོགས་པ། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས། ཀྲུང་གུང་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་སྒྲུབ་གཉེར་བྱེད་རོགས་བྱས་པ་རེད།

སི་ཁྲོན་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་ཚོགས་འདུའི་གཙོ་སྐྱོང་བྱས་པ་རེད།

མཛད་སྒོའི་ཐོག་ལ་ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེས་གཏམ་བཤད་བྱས་ནས་བཤད་དོན། ལི་ཐང་རྫོང་གི་རིག་གནས་དང་ཡུལ་སྐོར་བཅས་འཕེལ་རྒྱས་འགྲོ་བའི་ཆེད་དུ་འབད་པ་བྱེད་བཞིན་པའི་སྒང་ལ་ས་ཕྱོགས་སོ་སོ་ནས་ཕེབས་པའི་དབུ་ཁྲིད་དང་མཁས་པ། རྩོམ་པ་པོ་སོགས་མཉམ་དུ་འཛོམས་ནས་རྩོམ་རིག་དང་ཡིག་བསྒྱུར་གྱི་སྐོར་ལ་འཆད་ཁྲིད་དང་བགྲོ་གླེང་བྱས་ཏེ་ལི་ཐང་རྫོང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་ནང་ལ་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་ངེས་རེད། རྣམ་པ་ཚོས་ཕྱོགས་གང་ཐད་ནས་ལི་ཐང་གི་སྲིད་འབྱོར་རིག་གསུམ་དྲིལ་བསྒྲགས་བྱེད་པའི་རེ་བ་ཤིན་ཏུ་ཆེ།

མི་རིགས་ཀྱི་རྩོམ་རིག་གི་གཙོ་སྒྲིག་པ་གཞོན་པ་ཀྲའོ་ཡན་པེའུ་ཡིས་བཤད་དོན། རྩོམ་རིག་ཡིག་བསྒྱུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས་རྗེས་སུ་རྒྱ་བོད་གཉིས་ཀྱི་ལམ་ནས་བརྩམས་པའི་བརྩམས་ཆོས་ཕན་ཚུན་བསྒྱུར་རེས་བྱ་རྒྱུ་ལ་མཐོང་ཆེན་བྱ་དགོས་པ་དང་། རྩོམ་པ་པོ་ཞིག་ཡིན་ན་རྩོམ་རིག་ལ་ཕྱིར་མི་ལྡོག་པའི་དད་པ་ཡོད་དགོས་ལ། རྩོམ་སྒྲིག་པ་ཞིག་ཡིན་ན་རྩོམ་པ་པོ་རབ་འབྲིང་ཐ་གསུམ་ལ་གོ་སྐབས་སྦྱིན་དགོས་པ་ཞིག་རེད།

མཛད་སྒོ་ཚར་རྗེས་བོད་ཀྱི་སྒྲུང་གཏམ་པ་ཚེ་རིང་ནོར་བུ་དང་རྩོམ་རིག་དཔྱད་བརྗོད་པ་ཧི་ཙི་དབྱིན་གཉིས་ཀྱིས་རྩོམ་རིག་སྐོར་ལ་འཆད་ཁྲིད་གནང་བ་རེད། དེ་མིན་བོད་ཀྱི་སྒྲུང་གཏམ་པ་བསྟན་པ་ཡར་རྒྱས་ཀྱིས་འཆད་ཁྲིད་གནང་རྒྱུ་དང་། རྩོམ་པ་པོ་ཚོས་རྩོམ་རིག་སྐོར་བགྲོ་གླེང་བྱ་རྒྱུ་ཡིན་པས་མ་ཚད། ལི་ཐང་གི་དམངས་སྲོལ་རིག་གནས་བཅས་ལ་ལྟ་སྐོར་བྱས་ཏེ་འཚོལ་བསྡུ་བྱ་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།