རྔ་བ་ཁུལ་གྱིས་དབུལ་ཕོངས་སྡེ་བའི་ཁྲིམས་ལུགས་བློ་འདོན་པའི་ཁེབས་རྒྱ་97.4%ལ་སླེབས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་5ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྔ་བ་ཁུལ་སྲིད་ཁྲིམས་ཅུས་ཀྱི་ཤུགས་ཆེན་པོས་དབུལ་ཕོངས་སྡེ་བའི་ཁྲིམས་ལུགས་བློ་འདོན་ལས་ཀར་ཤུགས་སྣོན་བྱས། སྤྱི་ཟླ་གསུམ་པའི་ཟླ་མཇུག་བར་དུ་ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་539ལ་ཁྲིམས་ལུགས་བློ་འདོན་པ་525གདན་ཞུ་བྱས་ཤིང་ཁེབས་ཚད་97.4%ལ་ཕེབས་པ་རེད། དབུལ་ཕོངས་སྡེ་བའི་ཁྲིམས་ལུགས་བློ་འདོན་ལས་ཀ་ལེགས་པོར་བསྒྲུབ་ཆེད། ཁུལ་ཡོངས་ཀྱི་སྲིད་ཁྲིམས་སྲིད་འཛིན་མ་ལག་གིས་ལས་སྒྲུབ་ཀྱི་ཆུ་ཚད་མཐོ་ཞིང་ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་ཁྲིམས་རྩོད་པ་དང་། གཞི་རིམ་ཁྲིམས་ལུགས་ཞབས་ཞུའི་ལས་སྒྲུབ་མི་སྣ། སྲིད་ཁྲིམས་ལས་རོགས་མི་སྣ་བཅས་བདམས་ནས་དབུལ་ཕོངས་སྡེ་བའི་ཁྲིམས་ལུགས་བློ་འདོན་མི་སྣར་བསྐོས་ཤིང་དབུལ་ཕོངས་སྡེ་བ་དང་ཁྲིམས་ལུགས་བློ་འདོན་བར་གན་རྒྱ་བཞག་སྟེ་ཞབས་ཞུའི་ཡུན་ཚད་དང་ཞབས་ཞུའི་རྣམ་པ། ཞབས་ཞུའི་ནང་དོན་བཅས་གཏན་འཁེལ་བྱས། ཁྲིམས་ལུགས་བློ་འདོན་ལས་ཀས་དབུལ་ཕོངས་རྫོང་ལ་ཕན་ནུས་ལྡན་པའི་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ་དབུལ་ཕོངས་རྫོང་གི་ཞིང་འབྲོག་མང་ཚོགས་རྣམས་ལ་སྟབས་བདེ་ཡིན་པའི་ཁྲིམས་ལུགས་ཞབས་ཞུ་འགན་སྲུང་བྱས་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།