དཀར་མཛེས་ཁུལ་གྱི་ཁེ་ལས6ཞིང་ཆེན་གྱི“ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་ཆུང་འབྲིང་ནང་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་གྱི་ཞིབ་མཆན་བཀོད་པ་བརྒྱུད་དཀར་མཛེས་ཁུལ་དར་མདོ་རྒུན་ཆང་དམར་པོ་ལས་རིགས་ཚད་ཡོད་ཀུང་སི་སོགས་ཁེ་ལས6“ལོ་ལྔའི་ཚན་བཅུ་གསུམ་པའི”སི་ཁྲོན་ཞིང་ཆེན་གྱི“ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང་གི(ཁག་དང་པོ) སྐྱེད་སྲིང་མིང་ཐོའི་ནང་བདམས་ཐོན་བྱུང་།

ངོ་སྤྲོད་བྱས་བ་ལྟར་ན། ཞིང་ཆེན་གྱི“ཆེད་ལེགས་ཁྱད་གསར”ཁེ་ལས་འབྲིང་ཆུང་སྐྱེད་སྲིང་གི་མིང་ཐོའི་ནང་བདམས་ཐོན་བྱུང་བ་ལ་དར་མདོ་རྒུན་ཆང་དམར་པོ་ལས་རིགས་ཚད་ཡོད་ཀུང་སི་དང་། དྭངས་གཙང་སྐྱེ་ཁམས་ཞིང་ལས་ཚད་ཡོད་ཀུང་སི། མཛེས་མའི་ལུང་ཤུར་བཟོ་རྩལ་ཐོན་རྫས་བཟོ་སྐྲུན་ཚད་ཡོད་ཀུང་སི། ཕྱག་ཕྲེང་རྫོང་ཤོར་ཆུ་ལྗང་མདོག་བཟའ་བཅའ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། དར་མདོ་མཚོ་བོད་གཞོང་ས་ཞིང་འབྲོག་ལས་ཀྱི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། ཕྱག་ཕྲེང་རྫོང་མཚོ་བོད་ལིན་ཐོན་ཁུངས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཡོད།

ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས། དཀར་མཛེས་ཁུལ་གྱིས་ཞིང་ཆེན་གྱི“ཆེད་ལེགས་ཁྱད་གསར”ཁེ་ལས་འབྲིང་ཆུང་དུ་བདམས་པའི་ཁེ་ལས་ཀྱི་ཞབས་ཞུ་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བབ་བསྟུན་སྒོས་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་ཐུབ་པ། རོགས་སྐྱོར་སྲིད་ཇུས་ལ་དམིགས་པ། ཁེ་ལས་ལ་རོགས་རམ་བྱས་ཏེ་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ནས་ཁེ་ལས་ཆུང་འབྲིང་གཞན་སྒྱུར་རིམ་འཕར་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།