སི་ཁྲོན་ཞིང་ཆེན་གྱིས་ཐེངས་དང་པོར་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་ཡོངས་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ལས་ཞུགས་ལས་གཏོད་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས《སི་ཁྲོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས(2016ལོའི་པར་མ)》འགྲེམ་བསྒྲགས་བྱས་ལ། ལས་ཞུགས་དང་། ལས་གཏོད། ཕྱོགས་བསྡུས་བཅས་ཁྱབ་ཁོངས་གསུམ་དང་། ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལ་བསྡོམས་པས་ཚན་པ46ཡོད་པ་རེད། དེའི་ཁྲོད་ཚན་པ25ནི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དང་། ཚན་པ17ནི་ལས་གཏོད་རོགས་སྐྱོར་སྲིད་ཇུས། ཚན་པ4ནི་ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་བཅས་ཡིན།  འདི་ནི་སི་ཁྲོན་ཞིང་ཆེན་གྱིས་ཐེངས་དང་པོར་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ཡོངས་བསྒྲགས་བྱས་པ་ཡིན། 

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན། ཕྱིར་བཏོན་པའི་སྲིད་ཇུས་ཀྱི་སྡེ་ཁག་ཅུང་མང་བ་དང་། དུས་ཚོད་ཀྱི་བར་བརྒལ་ཅུང་རིང་བ། སྲིད་ཇུས་འདོན་པའི་ས་ཚིགས་ཅུང་ཁ་ཐོར་བཅས་ཡིན་པའི་རྐྱེན་གྱིས་སློབ་ཆེན་སློབ་མ་ཚོའི་སྟབས་བདེ་དང་མགྱོགས་མྱུར་ངང་སྲིད་ཇུས་ཁོང་དུ་ཆུད་པར་སྟབས་བདེ་པོ་མིན། 2016ལོར། ཞིང་ཆེན་ལས་ཞུགས་ལས་གཏོད་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམག་བསྡུ་གཞུང་དོན་ཁང་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་དང་། དེ་བཞིན་གྲོང་ཁྱེར(ཁུལ) དང་། མཐོ་རིམ་སློབ་གྲྭ་སོགས་དང་མཉམ་དུ་གོང་འོག་ཟུང་འབྲེལ་དང་གནད་ཁྱོན་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་དག་སྒྲིག་བྱས་ཏེ་ས་གནས་ཁག་དང་། མཐོ་རིམ་སློབ་གྲྭ སློབ་ཆེན་སློབ་མ་ཚོས་སྲིད་ཇུས་ལ་སློབ་སྦྱོང་དང་། སྲིད་ཇུས་ལ་རྒྱུས་ལོན། སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་སྐབས་སྲིད་ཇུས་ཀྱི་གཞི་འཛིན་ས་དང་དཔྱད་གཞིར་གལ་ཆེན་དུ་བཟུང་ནས་མཁོ་འདོན་བྱས།

དེང་ཕྱིན། ཞིང་ཆེན་ལས་ཞུགས་ལས་གཏོད་ལས་དོན་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་བའི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྲིད་ཇུས་གསར་པའི་རྩིས་ཁྲ་བཟོ་བཅོས་དང་པར་འགྲེམས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།