དཀར་མཛེས་ཁུལ་སེར་ཤུལ་རྫོང་སྟག་ལུང་མཉམ་ལས་ཁང་གིས་འབྲོག་མི་ཚོར་ཁེ་སྤོགས་སྒོར་ཁྲི253བགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རྒྱ་མཚོ་ངོས་ལས་སྨི4500ཡོད་པའི་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་དར་དམར་གྲོང་སྡེ་དང་པོའི་གྲོང་མིའི་བྱེད་སྒོ་ལྟེ་གནས་ཁང་གི་སྒོ་རའི་ནང་སེར་ཤུལ་གྲོང་རྡལ་སྟག་ལུང་མཉམ་ལས་ཁང་གིས་འབྲོག་པའི་ཁྱིམ་ཚང263ལ་ལོ་མཇུག་གི་ཁེ་སྤོགས་སྒོར་ཁྲི253བགོ་བཤའ་བརྒྱབ་པ་རེད། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང70ཡོད་པ་རེད།

དར་དམར་གྲོང་སྡེ་དང་པོའི་བྱེད་སྒོ་སྤེལ་ཁང་དུ་གྲོང་སྡེའི་ལས་བྱེད་པས་དུད་ཚང་སོ་སོའི་ཐོབ་ཆ་གཙང་བཤེར་བྱེད་པར་བྲེལ་བཞིན་མཆིས། ལོ་ན87ལ་སོན་པའི་སེར་ཤུལ་གྲོང་རྡལ་གྱི་ཐེངས་དང་པོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་མྱོང་མཁན་གྱི་སྟོབས་རྒྱལ་གྱིས་ཅོག་ཙེའི་ཐོག་གི་ཁེ་སྤོགས་ལ་བལྟས་ཏེ་མིག་ནས་མཆི་མ་འཁོར་བཞིན་སེར་ཤུལ་རྫོང་གི་རྫོང་དཔོན་ལུའོ་ལིན་གྱི་ལག་པ་གཉིས་བཟུང་ནས་སེམས་འགུལ་ཐེབས་པའི་ངང་ནས་ད་ལྟ་ང་ཚོ་དངོས་གནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པ་རེད་ཅེས་བཤད།

2014ལོར་སྐབས་དེར་སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར་བཞིན་པའི་ལུའོ་ལིན་རྫོང་དེའི་ཕྱུགས་འབྲོག་གཞི་ཁྱོན་ཆེས་ཆེ་བའི་སེར་ཤུལ་གྲོང་རྡལ་གྱི་རྫོང་རིམ་པའི་འབྲེལ་འདྲིས་བྱེད་མཁན་གྱི་འགོ་ཁྲིད་ཡིན་པ་རེད།  ཁོས་གྲོང་རྡལ་དེའི་མང་ཚོགས་ཀྱིས་ནོར་ཕྱུགས་འཚོ་ནས་ཡོང་སྤར་ཕྱུག་འགྱུར་བྱེད་དཀའ་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། གྲོང་རྡལ་དེའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་དང་གྲོས་མོལ་བྱས་རྗེས། མཉམ་ལས་ཅན་དང་། ཚོང་ར་ཅན། གཞི་ཁྱིན་ཅན་དུ་འགྱུར་བའི་ཚོང་གཉེར་བྱེད་པའི་བསམ་ཚུལ་བཏོན་པ་རེད། ལུའོ་ལིན་གྱིས་ཕྱིར་དྲན་བྱས་ནས་བཤད་དོན། སྐབས་དེར་ཕྱོགས་མང་པོའི་ཐད་ནས་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ནས་གསོ་སྤེལ་གྱི་གཞི་ཁྱོན་ཆེན་པོ་བྱ་རྒྱུའི་སློབ་གསོ་བྱས་མཐར། བསམ་བློ་སྔོན་ཐོན་ཅན་གྱི་འབྲོག་པའི་དུད་ཚང16དང་བསམ་ཚུལ་བརྗེ་རེས་བྱས་པར་བརྒྱུད། མཐའ་ཐུག་སེར་ཤུལ་གྲོང་རྡལ་སྟགས་ལུང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ད་ལྟའི་མཉམ་ལས་ཁང་འཛུགས་པ་འདིར་རྨང་གཞི་བཏིང་བ་རེད།

ལོ་གསུམ་ཙམ་གྱི་རིང་ལ་འཕེལ་རྒྱས་བཏང་བར་བརྒྱུད། སེར་ཤུལ་གྲོང་རྡལ་སྟག་ལུང་མཉམ་ལས་ཁང་གིས་སྔོན་རྗེས་སུ་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་བཟོ་སྐྲུན་བྱ་རྒྱུ་དང་། ནོར་ཕྱུགས་ལྷས་རའི་དྲོད་ཁང་སྔོ་ཚལ་འདེབས་འཛུགས་བྱེད་སར་བསྒྱུར་བ། སོ་ཕག་བཟོ་བ། ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་གཏོང་བ་སོགས་ཀྱི་ཐོན་ལས་སྣ་ཚོགས་གསར་སྣོན་བྱས་པར་བརྟེན། མཉམ་ལས་ཁང་གི་ཁེ་སྤོགས་ཀྱང2014ལོའི་སྒོར་ཁྲི10ལྷག་ནས་རིམ་བཞིན་འཕར་སྣོན་བྱུང་སྟེ2015ལོར་མཉམ་ལས་ཁང་གི་ཐོག་མའི་གཞི་ཁྱོན་ཆགས་ནས་ལོ་ཧྲིལ་པོར་ཁེ་སྤོགས་སྒོར་ཁྲི87ཐོབ་ཡོད་ཅིང་། 2016ལོར་སླེབས་དུས་མཉམ་ལས་ཁང་གི་ཐོན་ལས་སྦེལ་བའི་མ་ལག་གི་ཆགས་ནས་ལོ་ཧྲིལ་པོར་ཁེ་སྤོགས་སྒོར་ཁྲི253ལྷག་གི་ཐོག་འཕར་སྣོན་བྱུང་ཡོད་པ་རེད།

ཤེས་རྟོག་བྱུང་བ་ལྟར་ན།  ཐེངས་འདིར་མཉམ་ལས་ཁང་གིས་བགོས་པའི་ཁེ་སྤོགས་ཐོབ་མཁན་མང་ཚོགས་ན་ལོའི་མི་གྲངས137ནས་མི་གྲངས263གྱི་ཐོག་འཕར་སྣོན་བྱུང་ཡོད། མཉམ་ལས་ཁང་ནང་ཞུགས་མཁན་གྱི་གྲུབ་མི་ཡང་སྔོན་མའི་དར་དམར་གྲོང་སྡེ་དང་པོའི་གྲོང་མི་ཁོ་ན་ནས་གྲོང་རྡལ་ཡོངས་དང་ཉེ་འཁོར་ཤང་དང་གྲོང་རྡལ་དུ་རྒྱ་སྐྱེད་འགྲོ་བ་རེད།   དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང70ལ་སླེབས་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་རྐྱང་པར་ངལ་རྩོལ་ཡོང་འབབ་སྒོར་ཁྲི31ལྷག་ལ་སླེབས་པ་རེད།

མཉམ་ལས་ཁང་དུ་ཐང་ཀ་འབྲི་བཞིན་པའི་དབང་འདུས་ཚང་ནི་སྔོན་མར་གྲོང་རྡལ་དེའི་ཧ་ཅང་དཀའ་ངལ་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ཞིང་། དབང་འདུས་ལ་ཐང་ཀ་བྲི་རྒྱུའི་ལག་རྩལ་ཡོད་ཀྱང་ཚོང་ལམ་མེད་ནས་ཡོང་འབབ་འཚོལ་དཀའ་བའི་ཐོག་བཟའ་ཟླར་ནད་ཕོག་ནས་དེ་བས་དབུལ་པོར་གྱུར་པ་རེད། མཉམ་ལས་ཁང་དུ་ཞུགས་རྗེས་དབང་འདུས་ཀྱིས་བྲིས་པའི་ཐང་ཀར་ཚོང་ལམ་འཚོལ་རྒྱུ་རག་པར་མ་ཟད་ཐོན་ལས་གཞན་དག་འཕེལ་རྒྱས་བཏང་བའི་ངལ་རྩོལ་ཡོང་འབབ་རག་ནས། 2016ལོར་དབང་འདུས་ཚང་ལ་ཁེ་སྤོགས་སྒོར་ཁྲི11ལྷག་ཐོབ་པ་རེད། ཁོ་རང་གིས་སེམས་འགུལ་ཐེབས་པའི་ངང་མཉམ་ལས་ཁང་དུ་ཞུགས་རྗེས་ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་པ་རེད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།