དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་དང་འདབ་པ་རྫོང་གི་གྲོང་སྡེ10ལ་ཞིང་ཆེན་རིམ་པའི་བཞི་ཡག་གྲོང་སྡེའི་མཚན་སྙན་ཐོབ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་དབུལ་ཐར་འགག་སྒྲོག་གྱི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་ནས། ལས་ལམ་དར་ཞིང་རྒྱས་པ་དང་། ཁྱིམ་ཚང་ཕྱུག་པོ། མིའི་བར་འཆམ་མཐུན། གྲོང་སྡེ་མཛེས་སྡུག་ལྡན་པ་བཅས་བྱ་རྒྱུའི་བླང་བྱ་ལྟར། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཆེན་པོ་ལྔ་དང་ཡ་རབས་ཚུལ་ལྡན་གྱི་གྲོང་རྡལ་གསར་སྐྲུན་བྱ་རྒྱ་གཙོ་བོར་བྱས་ནས། ཡོངས་ཁྱབ་ཏུ་སྡོད་ཁང་ཡག་པོའི་ནང་སྡོད་ཐུབ་པ་དང་། འཚོ་བ་སྐྱིད་པོ་རོལ་ཐུབ་པ། གོམས་སྲོལ་བཟང་པོ་ཆགས་ཐུབ་པ། སྤྱོད་ཚུལ་ཡག་པོ་བྱེད་ཐུབ་པ་བཅས་བྱ་རྒྱུས་ནང་དོན་གཙོ་བོ་བྱས་པའི་བཞི་ཡག་གི་གྲོང་སྡེ་གསར་སྐྲུན་བྱེད་པའི་བྱེད་སྒོ་སྤེལ་མཐར། ཁྱོན་ཡོངས་ནས་ཞིང་སྡེའི་རྣམ་པ་རྒྱུན་མཐུད་དུ་ལེགས་བཅོས་བྱས་ཏེ་གྲོང་མིའི་འཚོ་བའི་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་བཏང་ཡོད་པ་རེད།

额度的.jpg

ཉེ་ཆར། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྔོན་ཐོན་ལ་སྐུལ་མ་གཏོང་ཞིང་དཔེར་འོས་ལ་དྲིལ་བསྒྲགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ཆེན་རིམ་པའི་བཞི་ཡག་གི་གྲོང་སྡེ1481མིང་བཏགས་པ་རེད། དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་གི་དཀར་ལེགས་ཁ།གྲོང་སྟོད། ཟུར་རི་སྒང་། རྭ་རྟགས་གྲོང་སྡེ་བཅས་དང་འདབ་པ་རྫོང་གི་གྲོང་སྟོད་དང་། ཡག་ཡག་གྲོང་སྡེ་གསུམ་པ། བྲག་ཚང་། གད་ཤོད། འཕེལ་གྲོང་། ཡར་གྲོང་བཅས་ལ་བཞི་ཡག་གྲོང་སྡེའི་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།