དཀར་མཛེས་ཁུལ་གྱིས་ལས་རིགས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་གསོ་སྦྱོང་གྲོས་ཚོགས་དར་མདོར་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་གྲོས་ཚོགས་ནང་ཞུགས་པ་རེད།

གསོ་སྦྱོང་གྲོས་ཚོགས་ཀྱི་གདན་ཞུ་ལྟར། རྒྱལ་ཡོངས་ཀྱི་ཁེ་ལས་རྐང་དབང་མ་དངུལ་གཏོང་འཇོག་མཉམ་འབྲེལ་བློ་འདོན་པ།ས་ཁོངས་དཔལ་འབྱོར་རིག་པའི་མཁས་ཅན། མ་དངུལ་གཏོང་འཇོག་བྱེད་མཁན། དངོས་འཐབ་རང་བཞིན་གྱི་ཁེ་ལས་མཁས་ཅན་བཅས་ཡིན་པའི་གསོ་སྦྱོང་སློབ་དཔོན་ཧྥུ་ཧུང་གིས2017ལོའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་འཕྲད་སྲིད་པའི་འགྲན་སློང་དང་གོ་སྐབས་ཐད་འགྲེལ་བཤད་དང་དབྱེ་ཞིབ་བྱས་པ་དང་། ཀྲུང་གོའི་ཁེ་ལས་མཁས་ཅན་བར་ཕན་ཚུན་རོགས་རམ་ཞབས་ཞུ་བྱེད་པ་དང་དྲྭ་ཐོག་སྤྱི་ཚོགས་འབྲེལ་གཏུག་གི་སྤྱི་ཕན་ལས་སྟེགས(ཐན་ལུའོ་ཏའོ)བེད་སྤྱོད་གཏོང་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ནས། རང་ཁུལ་གྱི་ཁེ་ལས་མཁས་ཅན་ཚོས་ཕྱིན་ཆད་ཀྱི་ཐོན་སྐྱེད་ཚོང་གཉེར་དང་མ་རྩ་སྡུད་གཏོང་དང་རུབ་བསྡུས་བྱེད་པའི་ཐད་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

གྲོས་ཚོགས་ཐོག་ཏུའུ་ཏེ་ཆིན་གྱིས་གསོ་སྦྱོང་ནང་ཞུགས་པའི་ཁེ་ལས་མཁས་ཅན་ཚོར་རང་རྟོགས་དང་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་སྔར་ལྷག་གིས་བྱང་ཚད་ཧྲིལ་པོར་མཐོར་འདེགས་གཏང་དགོས་པ་དང་། གསར་སྐྲུན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁེ་ལས་རྒྱུན་ཆད་མེད་པར་རིམ་སྤར་དང་སྟོབས་ལྡན་ཡོང་བར་སྐུལ་འདེད་གཏང་དགོས། ཡིད་ཆེས་ཀྱི་འདུ་ཤེས་གཏན་སྲུང་བྱས་ནས་འདྲ་མཉམ་དང་འགྲན་སློང་གི་ཚོང་རའི་ཁོར་ཡུག་བསྐྲུན་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་ས་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏང་དགོས།

དཀར་མཛེས་ཁུལ་གྱི་དམངས་གཉེར་ཁེ་ལས40ཡི་ལས་འཛིན་པ།   སྤྱི་ཁྱབ་ཅིང་ལི།  ཁུལ་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་དང་ཁུལ་རིམ་པའི་སྡེ་ཁག་གཙོ་བོའི་འགན་ཁུར་མི་སྣ་འགའ་ཐེངས་འདིའི་གསོ་སྦྱོང་གྲོས་ཚོགས་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།