དཀར་མཛེས་ཁུལ་ཁུལ་སྨན་ཁང་གི་སྨན་བཅོས་ཚོ་ཆུང་སེར་ཤུལ་དུ་ཕྱིན་ནས་ཐུམ་འབུའི་ནད་ལ་ནད་བརྟག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཁུལ་མི་དམངས་སྨན་ཁང་གི་ཕྱི་ཕྱོགས་འབྲེལ་འདྲིས་སྡེ་ཁག་གིས་སྨན་བཅོས་ཚོ་ཆུང་བཙུགས་ནས་སེར་ཤུལ་རྫོང་དགེ་མང་ཤང་གི་གྲོང་སྡེ6ལ་ཕྱིན་ནས་ཐུམ་འབུའི་ནད་ལ་ནད་བརྟག་བྱེད་པའི་ལས་ཀ་དང་བདེ་ཐང་སློབ་གསོའི་ལས་ཀ་སྤེལ་མཐར། ཐུམ་འབུའི་ནད་ཕོག་མཁན་ཚོར་སྨན་ཁང་དུ་ཕྱིན་ནས་སྔར་བས་ནད་བརྟག་ཞིབ་ཚགས་བྱ་རྒྱུའི་སྐུལ་སློང་བྱས་པ་རེད།

སེར་ཤུལ་རྫོང་དགེ་མང་ཤང་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་འོག  སྨན་བཅོས་ཚོ་ཆུང་དགེ་མང་ཤང་གི་གྲོང་སྡེ6ལ་ཕྱིན་ནས་ཐུམ་འབུའི་ནད་ཕོག་པར་དོགས་གནས་ཡོད་པའི་མི་གྲངས315སྒྲིག་འཛུགས་བྱས་ཏེ་གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་དུ་བདེ་ཐང་སློབ་གསོ་དངBསྒྲ་འདས་ནད་བརྟག་འཕྲུལ་ཆས་ཐོག་ནས་ཞིབ་བཤེར་བྱས་མཐར། ཐུམ་འབུའི་ནད་ཕོག་མཁན་ཚོར་ཁུལ་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་བྱ་རྒྱུའི་སྐུལ་སློང་བྱས་པ་རེད། སྨན་བཅོས་བྱེད་འདོད་ཡོད་པའི་ཐུམ་འབུའི་ནད་ཕོག་མཁན56ཁུལ་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་རྒྱུའི་སྐུལ་སློང་བྱས་རྗེས། སྨན་ཁང་གི་འགོ་ཁྲིད་ཀྱིས་སྨན་བཅོས་ཚོ་ཆུང་གི་ལས་སྒྲུབ་མི་སྣ་ལ་ཁ་པར་ཐེངས་མང་བརྒྱབ་ནས་ལས་ཀ་ཁག་དངོས་སུ་ཡག་པོ་དང་ཞིབ་ཕྲ་བསྒྲུབ་དགོས་པ་དང་། ནད་པའི་བདེ་ཐང་དེ་ཨང་དང་པོའི་གྲས་སུ་བཞག་དགོས་པའི་བསླབ་བྱ་བརྒྱབ་པ་རེད། ནད་པ་དང་ཁྱིམ་བདག་ལ་སྟབས་བདེ་བྱེད་ཆེད།སྨན་ཁང་གིས་མི41ཤོང་བའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས2གླ་ནས་དགེ་མང་ཤང་དུ་བཏང་ནས་ནད་པ་རྫོང་ཁུལ་དུ་ཕྱིན་ནས་ཡང་དུ་རླངས་འཁོར་སྤོ་དགོས་པའི་འགྲོ་གྲོན་བསྲི་ཚགས་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཕྱི་ནད་ཚན་ཁག་གི་བཤགས་བཅོས་བྱ་རྒྱུ་ཡོད་ཚད་ཀྲུང་དབྱང་ཐུམ་འབུའི་ནད་ཀྱི་ལས་གཞི་དང་སྨན་བཅོས་ཉེན་འགོག་ཁྲོད་རོགས་སྐྱོར་ཐེབས་ཤིང་། ནང་ནད་ཚན་ཁག་གི་ནད་པར་ཞིང་ཆེན་ཐུན་འབུའི་ནང་ནད་ཚན་ཁག་གི་རོགས་སྐྱོར་ལས་གཞིའི་ཁྲོད་རོགས་སྐྱོར་ཐེབས་ནས་ཕལ་ཆེར་གྲོན་དངུལ་སྒོར་གཅིག་ཀྱང་སྤྲོད་མི་དགོས་པ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།