དཀར་མཛེས་ཁུལ་ལ་འོས་འགན་སློབ་གསོ་གཞི་རྩའི་དོ་མཉམ་འཕེལ་རྒྱས་ཀྱི་ཚད་གཞིའི་ཐོག་སླེབས་པའི་རྫོང་ཁག་བཞི་གསར་སྣོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ9པའི་ཚེས9ཉིན།  རྒྱལ་ཁབ་སློབ་གསོའི་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་སི་ཁྲོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་གཞི་རྩའི་དོ་སྙོམས་འཕེལ་རྒྱས་ཀྱི་ལྟ་སྐུལ་བསམ་འཆར་ཕྱིར་ལྡོག་བྱེད་པའི་ཚོགས་འདུ་དེ་ཁྲེང་ཏུའུ་གྲོང་ཁྱེར་ནས་འཚོགས་པ་རེད།

ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་ངོས་འཛིན་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་དང་རོང་བྲག་རྫོང་།  བརྒྱད་ཟིལ་རྫོང་།  བྲག་འགོ་རྫོང་བཅས་རྫོང་ཁག་བཞི་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་བྱུང་བའི་རྫོང(གྲོང་ཁྱེར།  ཆུས)གི་ཚད་གཞིའི་ཐོག་སླེབས་པ་རེད།  འདི་ནི་དཀར་མཛེས་ཁུལ་གྱིས་དར་མདོ་གྲོང་ཁྱེར་དང་ཕྱག་ཕྲེང་རྫོང་གཉིས་ཚད་གཞིའི་ཐོག་སླེབས་རྗེས་སླར་ཡང་གསར་སྣོན་བྱུང་བའི་རྫོང་ཁག་བཞི་རེད།

ཟླ་བ9པའི་ཚེས4ནས7ཉིན་བར། རྒྱལ་ཁབ་སློབ་གསོ་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་ཚོ་ཆུང་གཉིས་ཁག་བགོས་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཞིར་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། རྩིས་འཕྲུལ་ཐོག་ནས་སློབ་གྲྭར་འཐེན་བཤེར་དང་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན།  སློབ་གཙོ།  དགེ་རྒན།  སློབ་མའི་ཁྱིམ་བདག་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཡི་རང་ཚད་ཀྱི་བརྟག་དཔྱད་འདྲི་ཤོག་བཀྲམ་པ་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྒྱུད། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་། རྫོང་ཁོངས་ནང་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་གྱི་གཞི་རྩའི་ཚད་གཞིའི་ཐོག་སླེབས་ཤིང་།  རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་བར་དོ་སྙོམས་དང་སྤྱི་དམངས་ཀྱིས་རང་རེའི་རྫོང་གི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བའི་ཐད་ཡི་རང་ཚད་བཅས་ཕྱོགས་བཞིའི་ཐད་ནས་ཕྱོགས་བསྡུས་ཀྱི་དཔྱད་བསྡུར་བྱས་པ་རེད།  མཇུག་ཏུ་ལྕགས་ཟམ་རྫོང་དང་རོང་བྲག་རྫོང་།  བརྒྱད་ཟིལ་རྫོང་།  བྲག་འགོ་རྫོང་སོགས་རྫོང་ཁག་བཞི་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་སློབ་གསོ་གཞི་རྩའི་དོ་སྙོམས་འཕེལ་རྒྱས་བྱུང་བའི་རྫོང(གྲོང་ཁྱེར།  ཆུས)གི་ཚད་གཞིར་སླེབས་པར་གཏན་འཁེལ་བྱས་པ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།