སྡེ་དགེ་རྫོང་གི་དཔུང་སྡེ་ལྔས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་བྱེད་པ་རྒྱུན་དུ་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཉེ་ཆར། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་ཤང་དང་གྲོང་རྡལ་སོ་སོར་འཁོར་རྒྱུག་ལས་སྒྲུབ་དཔུང་སྡེ5བཙུགས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས་པ་རེད། འཁོར་རྒྱུག་གཞུང་ལས་དཔུང་སྡེས་མང་ཚོགས་ཀྱི་བྲེལ་འཚུབ་ཆེ་བའི་གནད་དོན་ཐག་གཅོད་བྱས། འཁོར་རྒྱུག་གཞུང་ལས་སྒྲུབ་པའི་བྱེད་སྟངས་བརྒྱུད་ནས་མང་ཚོགས་ཀྱི་དམངས་སྲིད་དང་། སྨན་བཅོས། ཁྱིམ་ཐོ་སོགས་ཀྱི་ལས་དོན་ཐག་གཅོད་བྱས་པ་རེད།འཁོར་རྒྱུག་སྒྲོག་འགྲེལ་དཔུང་སྡེས་སྲིད་ཇུས་ཤེས་རྟོགས་བྱུང་ཚད་མཐོར་འདེགས་བཏང་། དབུལ་སྐྱོར་གནད་སྨིན་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་ལག་དེབ་གཏོང་སྤྲོད་བྱས་ནས་མང་ཚོགས་ཀྱིས་དབུལ་བྲལ་སྲིད་ཇུས་ཤེས་རྟོགས་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།འཁོར་རྒྱུག་ཁྲིམས་འཛིན་དཔུང་སྡེས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་། འགལ་བ་དང་རྩོད་གླེང་གི་གནད་དོན་གཙང་བཤེར་དང་བརྟན་ཞིབ་ཐག་གཅོད་བྱས་ནས། གྲོགས་མེད་ཁེར་རྐྱང་དང་། རྒན་རྒོན་དང་དབང་པོ་སྐྱོན་ཅན། དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་པ་རེད།འཁོར་རྒྱུག་བསྡོམས་རྩིས་དཔུང་སྡེས་གཞི་གྲངས་ནོར་འཁྲུལ་དང་ཧེ་བག་མེད་པར་བཟོས། གྲོང་སྡེ་དང་དུད་ཚང་དུ་ཕྱིན་ནས་དབུལ་ཕོངས་ཁྱིམ་ཚང་གི་འབྲེལ་ཡོད་གནས་ཚུལ་བསྡོམས་རྩིས་བྱས་ཤིང་། ཁྱོན་ཡོངས་ནས་དབུལ་ཕོངས་ཁྱིམ་ཚང་གི་ལོ་ཚད་ལོན་པའི་སློབ་ཞུགས་དང་ལས་ཞུགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས། དབུལ་བྲལ་ལས་ཀར་ཡང་དག་པའི་གཞི་འཛིན་ས་མཐོར་འདེགས་བཏང་།

འཁོར་རྒྱུག་ལྟ་སྐོར་འཚམས་འདྲི་དཔུང་སྡེས་ཐུགས་ཁུར་དང་གཅེས་སེམས་བཅངས་ནས་གཞི་རིམ་དུ་དབུལ་བྲལ་ལས་ཀ་དེ་གཅེས་སེམས་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་མྱོང་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།