སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཏོང་འགོ་བརྩམས།                             

W020160430387599888885.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་བསུས་པ་དང་དུས་མཚུངས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཉིས་ཀྱང་གསར་དུ་ཕྱེ་བ་རེད། ཁག་འདིར་བསྡོམས་པས་སྤྱི་སྤྱོད་རླངས་འཁོར་6ཡོད་ཅིང་། དེ་ཚོའི་ཁྲོད་ཀྱི་རླངས་འཁོར་4ནི་ལེ་ཧྲན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་ཏེ་ཞལ་འདེབས་སུ་ཕུལ་བ་དང་། རླངས་འཁོར་གཞན་2ནི་ལི་ཐང་རྫོང་མི་དམངས་སྲིད་གཞུང་གིས་ཉོས་པ་རེད། ལི་ཐང་རྫོང་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཏོང་འགོ་བརྩམས་པ་དེས་མང་ཚོགས་དང་ཡུལ་སྐོར་བ་ཚོའི་ཕྱོགས་སྐྱོད་འགྲོ་འོང་ལ་སྟབས་བདེ་བཟོས་པ་རེད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།