རྟའུ་རྫོང་གིས་ད་ལོར་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི36ལ་སྣེ་ལེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྨྱུག་འཛིན་པས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་དོན། ད་ལོར་རྟའུ་རྫོང་གིས་ཡུལ་སྐོར་གྱི་སྤྱིའི་བཀོད་སྒྲིག་ལ་དམིགས་ནས། མུ་མཐུད་དེ་ཡུལ་སྐོར་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། ལོ་ཧྲིལ་པོར་ཡུལ་སྐོར་བ་མིའི་ཐེངས་ཁྲི36ལ་སྣེ་ལེན་བྱེད་ཐུབ་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར3.56མངོན་འགྱུར་འབྱུང་བར་བརྩོན་ལེན་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལ། རྟའུ་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་ཤིང་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆད་འགོད་བྱེད་པའི་དཔེ་སྟོན་རྫོང་འཛུགས་པ་གསར་སྐྲུན་བྱས་པར་བརྒྱུད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་རེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི128.6ལ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར10.6མངོན་འགྱུར་བྱུང་བ་རེད། ད་ལོ་རྫོང་དེས་ཡུལ་སྐོར་ཐོན་ལས་ཀྱི་ཐོག་མཁའ་འགྲུལ་ཞབས་ཞུར་བརྟེན་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་སྟངས་དང་འབྲེལ་དྲྭར་བརྟེན་པའི་དཔལ་འབྱོར་འཕེལ་ཚུལ་གསར་པར་འཚོལ་ཞིབ་བྱེད་པ་དང་། ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏང་ཞིང་། དཔལ་སྨད་གསེག་རི་ལྗོངས་ཁུལ་ཇེ་ལེགས་སུ་གཏོང་བའི་ལས་གྲྭ་ལག་བསྟར་ཇེ་མགྱོགས་སུ་གཏང་རྒྱུ་རེད།

ཧུར་ཐག་གིས་མི་ཉག་མགར་ཐར་དགོན་པ4Aརིམ་པའི་དགོན་པར་གསར་སྐྲུན་བྱེད་པའི་ལས་ཀ་སྤེལ་ཞིང་། ཀྲུང་གོའི་བོད་ཁང་སྒྱུ་རྩལ་དངོས་མང་བཤམས་སྟོན་ལྡུམ་རའི་ལས་གཞི་འགོ་ཚུགས་རྒྱུ་རེད། རིག་གནས་དང་ཡུལ་སྐོར། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གྲོང་གསེབ་ཀྱི་མགྲོན་ཁང་འཕེལ་རྒྱས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་དམངས་ཁྲོད་སྒྲིག་གཞི་ཁག་གིས་བོད་རང་གི་ཁྱད་ཆོས་ལྡན་པའི་རྫ་ཆས་དང་འབུར་བརྐོས་སོགས་ཡུལ་སྐོར་ཐོན་ལས་རབ་དང་རིམ་པ་ཇུས་འགོད་གསར་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ་ཡུལ་སྐོར་གྱི་ཞོར་འཕར་རིན་ཐང་དང་ཟོང་རྟགས་གྲགས་ཅན་གྱི་རིན་ཐང་ཆེ་རུ་གཏང་རྒྱུ་རེད།

ད་ལོར་རང་ཁུལ་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་དང་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན། རྒྱལ་སྤྱིའི་རི་ཁུལ་ཡུལ་སྐོར་དུས་ཆེན་བཅས་མཉམ་འབྲེལ་སྒོས་འཛུགས་གཉེར་བྱ་རྒྱུ་ཡིན་པས་ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ་རྟའུ་དཔལ་སྨད་དུ་ཡུལ་སྲོལ་རྟ་རྒྱུག་འགན་བསྡུར་དུས་ཆེན་སོགས་དུས་ཚོགས་བྱེད་སྒོ་ཇེ་ཆེ་ཇེ་རྒྱས་སུ་གཏང་བ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་སྤེལ་ནས། རྫོང་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་གསོན་ཤུགས་གསར་པར་བསྣན་རྒྱུ་ཡིན་ཞེས་རྟའུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མཁན་གྱིས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།