དཀར་མཛེས་ཁུལ་གྱིས་གཙོ་གནད་རྣམ་གྲངས51གཅིག་བསྡུས་ངང་ལས་འགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་གནད་རྣམ་གྲངས་སྐོར་ཞིག་ཟླ་འདིའི་ཟླ་འཇུག་དང་ཟླ4བའི་ཟླ་དཀྱིལ་དུ་གཅིག་བསྡུས་ངང་བཟོ་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད། གཙོ་གནད་རྣམ་གྲངས་དུས་ལྟར་འཛུགས་སྐྲུན་བྱེད་པའི་ཆེད། ཟླ3པའི་ཚེས21ཉིན་ཁུལ་སྲིད་གཞུང་གིས་རྫོང་དཔོན18(གྲོང་ཁྱེར)དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ངང་བཟོ་སྐྲུན་བྱེད་འགོ་རྩོམ་པའི་སྟ་གོན་ཚོགས་འདུ་བསྡུས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲོན་ཚོགས་འདུའི་སྟེང་ཞུགས་ནས་གཏམ་བཤད།

ཚོགས་འདུ་ནས་བསྟན་དོན། དཀར་མཛེས་ཁུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྗིད་བས་རྫོང(གྲོང་ཁྱེར)སོ་སོ་དང་གཙོ་སྒྲུབ་ལས་ཁུངས་སོ་སོས་ངེས་པར་དུ་དོ་སྣང་ཆེས་ཆེར་བྱེད་དགོས་ལ། རྫོང(གྲོང་ཁྱེར)སོ་སོར་བགོས་ཡོད་པའི་ལོ་ཧྲིལ་བོའི་རྣམ་གྲངས་འཆར་གཞི་དག་ལ་རེ་རེ་བཞིན་ལྟ་ཞིབ་བྱས་ཏེ་གནད་དོན་དང་འགལ་རྐྱེན་དག་གསེད་དེ་སྔོན་འགྲོའི་བྱ་བ་ལེགས་པར་སྒྲུབ་དགོས་པ་དང་། ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་ཡུལ་དང་མ་དངུལ། ཁོར་ཡུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དུས་ཚོད་དམ་འཛིན་བྱས་ནས་ལས་གཞིའི་སྔོན་འགྲོའི་བྱ་བ་ཚང་མ་གྲ་སྒྲིག་བྱེད་ཚར་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་ཆེད་ཁུལ་སྲིད་གཞུང་གིས་ཟླ3པ་དང་ཟླ4བའི་ནང་ཤར་ལྷོ་བྱང་བཅས་ཀྱི་ས་ཁོངས་སུ་གཙོ་གནད་རྣམ་གྲངས51གཅིག་བསྡུས་ངང་བཟོ་སྐྲུན་བྱེད་འགོ་རྩོམ་པའི་འཆར་གཞི་གཏན་འཁེལ་བྱས་པ་དང་དེའི་ཁོངས་སུ་འགྲུམ་འགྲུལ་དང་ཆུ་བེད། གནས་སྐོར། ཐོན་ཁུངས་སོགས་རིགས་མང་པོ་འདུས་ལ། བྱང་ཁུལ་དུ་གེ་སར་གནམ་གྲུ་ཐང་ལྟེ་གནས་བྱས་པ་དང་བྱང་ཕྱོགས་ཀྱི་རྫོང8ཀྱི་ལས་བྱེད་པའི་འཁོར་རྒྱུག་སྡོད་ཁང་སོགས་ཀྱི་རྣམ་གྲངས་ཁོངས་སུ་འདུ་ལ། ཤར་རྒྱུད་དུ་ཉག་ཆུ་ནས་དར་མདོའི་མྱུར་བགྲོད་ལམ་གྱི་དར་མདོ་རྫོང་གི་ལམ་མཚམས་བར་ལྟེ་གནས་བྱས་ཏེ་ཡུན་ལོང་པའོ་གློག་འདོན་ས་ཚིགས་སོགས་ཀྱི་རྣམ་གྲངས་ཁོངས་སུ་འདུས། ལྷོ་ཁུལ་དུ་འབའ་ཐང་གི་སུའུ་བྰ་ལོན་གློག་འདོན་ས་ཚིགས་ལྟེ་གནས་བྱས་ཏེ་ཆུ་གློག་དང་འགྲུམ་འགྲུལ། ཆུ་བེད་སོགས་ཀྱི་རྣམ་གྲངས་ཁོངས་སུ་འདུས་ཡོད།

ཚོགས་འདུའི་སྟེང་གཅིག་བསྡུས་བཟོ་སྐྲུན་འཛད་སྒོའི་འབྲེལ་ཡོད་རྫོང(གྲོང་ཁྱེར)སོ་སོ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་རྣམས་ཀྱིས་མཉམ་འབྲེལ་ཡག་པོ་བྱས་ནས་ཕྱོགས་གང་ཅི་ཐད་ཀྱི་གྲ་སྒྲིག་བྱ་བ་སྒྲུབ་སྟེ་གཅིག་བསྡུས་བཟོ་སྐྲུན་འཛད་སྒོ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་ལ། དུས་ཚོད་དམ་འཛིན་གྱིས་ལག་བསྟར་བྱས་ཏེ་རྣམ་གྲངས་སོ་སོ་དུས་ལྟར་འགྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཁུལ་རིམ་པས་མ་དངུལ་གཏོང་རྒྱུའི་འཆར་གཞི་ལྟར་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ལ་དམ་དུ་འབྲེལ་ནས་རིམ་པ་ལྟར་གནོན་ཤུགས་བྱིན་ནས་ལས་འགན་སོ་སོ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།