དཀར་མཛེས་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཟས་རིགས་དང་སྨན་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས་བསྡོམས་པས་ཆེད་དམིགས་ལེགས་སྒྲིག་བྱ་འགུལ50ལྷག་སྤེལ་བ་དང་ཆད་པ་སྒོར་ཁྲི461.5གཞུང་བཞེས་བཏང་སྟེ་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱས། 

གཙོ་བོ་ཟས་རིགས་དང་སྨན་རིགས་བདེ་འཇགས་ཀྱི་གནད་དོན་ཡོད་མེད་ལ་རྩད་ཞིབ་དང་། རོང་འབྲོག་ཁུལ་གྱི་ཟས་རིགས་དང་སྨན་རིགས་ཀྱི་ཚོང་རར་ཆེད་དམིགས་ལེགས་སྒྲིག སློབ་གྲྭའི་ཇ་ཁང་། ཤ་རིགས། ཆང་རིགས་བཅས་ཀྱི་ཟས་རིགས་བདེ་འཇགས་ཀྱི་སྐོར་ནས་ལེགས་སྒྲིག་བྱས་པ་དང་། སྨན་བཅོས་ཡོ་བྱེད་སྐོར་གྱི་ལེགས་སྒྲིག་ལྔ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཟས་རིགས་བདེ་འཇགས་ཆེད་དམིགས་ལེགས་སྒྲིག་སོགས་རྣམ་གྲངས50ལྷག་གི་ལེགས་སྒྲིག་བྱ་འགུལ་སྤེལ་བ་རེད། ལོ་ཧྲིལ་བོའི་ནང་ཁུལ་ཡོངས་ཀྱིས་ཟས་རིགས་སྨན་རིགས་དང་སྨན་བཅོས་ཡོ་བྱེད་ཀྱི་སྲིད་འཛིན་གྱོད་དོན330ཐོ་འགོད་དང་གྱོད་དོན325ཐག་གཅོད་བྱས་ཡོད། ཆད་པ་སྒོར་ཁྲི461.5གཞུང་བཞེས་བཏང་ཡོད།

ད་ལོར་དཀར་མཛེས་ཁུལ་གྱིས་ཟས་རིགས་དང་སྨན་རིགས་བདེ་འཇགས་གྱི་ལྟ་སྐུལ་དོ་དམ་གཙོ་བོར་བཟུང་ནས་ལྟ་སྐུལ་དོ་དམ་གྱི་རྣམ་པ་གསར་བ་འཚོལ་ཞིབ་དང་ཞིབ་བཤེར་རྗེས་ཀྱི་ལྟ་སྐུལ་དོ་དམ་དེ་སྔོན་འགོག་ལ་བསྒྱུར་ཏེ། སྔ་མོ་ནས་མགོ་རྩོམ་པ་དང་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པ་བརྒྱུད། གནད་དོན་ཚང་མ་དོན་དག་མ་བྱུང་བའི་ཡར་སྔོན་ནས་ཐག་གཅོད་རྒྱུར་མ་ཟད་ཟས་རིགས་དང་སྨན་རིགས་ཀྱི་ཁེ་ལས་རྩིས་མེད་བཟོ་བའི་ལམ་ལུགས་འཛུགས་རྒྱུ་དང་། དུས་མཚུངས་སུ་ཆེད་དམིགས་ལེགས་སྒྲིག་སྐོར་གྱི་བྱ་འགུལ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་ནས་ཟས་རིགས་དང་སྨན་རིགས་སྐོར་གྱི་ཁྲིམས་འགལ་དང་ནག་ཉེས་བཟོ་མཁན་དག་ལ་ཁྲིམས་ཆད་ནན་མོ་གཅོད་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།