ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགོ་ཁྲིད་ཚོགས་པའི་བསམ་བློའི་ཆབ་སྲིད་འཛུགས་སྐྱོང་དང་ནན་གསུམ་རྣལ་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་རིང་ལ། དར་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་རྟོག་པ་ཚང་མ་རྩ་འཛུགས་བྱས་ཏེ་གཟའ་འཁོར་རེ་རེའི་གཟའ་མིག་དམར་ལ་སློབ་སྦྱོང་གྲོས་བསྡུར་ཚོགས་འདུ་འཚོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། གྲོང་ཁྱེར་ཏང་ཨུ་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔེར་མཚོན་ལ་སློབ་སྦྱོང་བྱས་ཏེ་སྤང་བླང་ཡག་པོ་བྱས་ཡོད།  

སློབ་གསོ་དང་སློབ་སྦྱོང་བྱས་པར་བརྒྱུད། ཏང་ཡོན་དང་ཉེན་རྟོག་པ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཤིང་། གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གོ་སྐབས་བཟང་པོ་དང་བསྟུན་ནས་ནན་གསུམ་རྣལ་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་ཐེངས་གསུམ་པའི་སློབ་སྦྱོང་གྲོས་བསྡུར་ཚོགས་འདུ་ནང་ཆེད་དོན་དབྱེ་ཞིབ་བྱས་པ་དང་། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པ་ཀྲང་ཝན་ཀང་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྲན་ཞང་ཏུང་། གཞན་ཡང་ནན་གསུམ་རྣལ་གསུམ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཚོགས་འདུར་ཕེབས་ནས་སློབ་སྟོན་བྱས་པ་རེད།

ཚང་མས་ནན་ཁྲུང་གི་རྔན་པ་བྱིན་ནས་འདེམས་ཤོག་འཐེན་པའི་གྱོད་དོན་དང་རང་འགན་ལས་ཀ། ལམ་ལུགས་དོན་ཐོག་འཁྱོལ་ཚུལ་དང་གཞན་ཡང་དངོས་ཡོད་དཔེར་མཚོན་བཅས་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡོམས་དང་བསམ་ཞིབ་བྱས་ཏེ་རང་གི་ཏང་གཤིས་བྱང་ཚད་དང་མི་ཚུལ་ལྡན་ཞིག་བྱེད་ཚུལ། བྱ་བ་བསྒྲུབས་ཚུལ། སྒྲིག་ཁྲིམས་བརྩི་སྲུང་བྱས་ཚུལ་བཅས་ཐད་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།