སྤྱི་ལོ༢༠༡༥ལོའི་ཟླ༡༢པའི་ཚེས༢༦ཉིན་གྱི་ཕྱི་དྲོར་དཀར་མཛེས་ཚགས་པར་ཁང་གི་གསར་འགྱུར་ལས་སྒོའི་བགྲོ་གླེང་ཚོགས་འདུ་དར་མདོ་གེ་སར་མགྲོན་ཁང་དུ་འཚོགས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཐོག་ཏུ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་མི་རིགས་དང་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་། དཀར་མཛེས་མི་རིགས་ལས་བྱེད་སློབ་གྲྭའི༢༠༡༥ལོའི་ཡིག་བསྒྱུར་འཛིན་གྲྭའི་འཐུས་ཚབ་སློབ་མ། བདེ་སྐྱིད་ཀྱི་ཁྱིམ་གཞིས་ཞེས་པའི་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་རྩོམ་པ་པོ་སོགས་འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་མི་སྣ་ཉི་ཤུ་ལྷག་ལྷན་འཛོམས་བྱས་ཏེ་གསར་འགྱུར་ལས་སྒོའི་སྐོར་ལ་བགྲོ་གླེང་ཞིབ་རྒྱས་གནང་བ་རེད།

བགྲོ་གླེང་ཐོག་ཏུ་ཆེད་མཁས་མི་སྣ་དང་རྩོམ་པ་པོ་སོ་སོས་རང་རང་གི་རྩོམ་རིག་དང་གསར་འགྱུར་སྐོར་གྱི་ལྟ་བ་ལྷུག་བརྗོད་བྱས་པར་མ་ཟད་དཀར་མཛེས་ཚགས་པར་ཁང་གིས་བོད་ཀྱི་རྩོམ་རིག་དང་གསར་འགྱུར་རིག་གནས་སྐོར་ཐོབ་པའི་གྲུབ་འབྲས་ལ་མཐོང་ཆེན་དང་ད་ལྟའི་ཆ་འཕྲིན་དུས་རབས་འདིར་བོད་ཀྱི་སྐད་ཡིག་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཏེ་སྨྱན་སྦྱོར་གྱི་ནུས་སྟོབས་ལ་བརྟེན་དགོས་ཚུལ། མ་འོངས་པའི་ཚགས་པར་འཕེལ་ཕྱོགས་སོགས་ཀྱི་ཐད་ལ་ཁ་ཚ་དགོས་གཏུག་གི་གསུང་བཤད་གལ་ཆེན་གནང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།