ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁུལ་བཟོ་ཚོང་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་གཉིས་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་ཐི་ར་གསར་པའི་གྲོང་སྡེ་གཉིས་པ་དང་ཚེ་ཆུ་གྲོང་སྡེ་རུ་བདམས་མངག་བྱས་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག་ཅིང་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྤེལ་བ་ནས་བཟུང་། ཧྲུའུ་ཅི་དང་པོས་དངོས་དོན་གཉེར་བའི་ལས་ཀའི་རྣམ་འགྱུར་དང་། ཆེ་ཚུགས་མི་བསྟན་ནས་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབས་པ་རེད།  

ཧྲུའུ་ཅི་དང་པོ་གྲོང་སྡེ་རུ་བཅའ་སྡོད་བྱས་རྗེས། བསམ་བློའི་སློབ་གསོར་ཤུགས་རྒྱག་པ་དང་འཁོར་སྐྱོད་ནང་རྐྱེན་ཚད་ལྡན་དུ་གཏོང་བར་གཙོ་བོ་བཟུང་སྟེ།ཏང་ཡོན་ཚོགས་ཆེན་འཚོགས་ཏེ་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་ཨུ་ལྷན་གཉིས་ཀྱི་ཚོགས་པའི་མི་སྣ་དང་གླེང་མོལ་བྱེད་པའི་བྱེད་ཐབས་སྤྱད་ནས་ཚོགས་པའི་གྲུབ་མི་བར་མཐུན་སྒྲིལ་ཡོང་བ་དང་གོང་བུར་འགྲིལ་ནུས་ཆེ་རུ་ཕྱིན་པར་སྐུལ་སྤེལ་བཏང་བ་རེད།  

གྲོང་སྡེ་དང་དུད་ཚང་དུ་བསྐྱོད་༌པའི་བརྒྱུད་རིམ་ཁྲོད་དུ། ཐི་ར་གསར་པའི་གྲོང་སྡེ་གཉིས་པའི༌་གྲོང་མི་ཉི་མ་ལ་ནུས་རྩལ་ཅི་ཡང་མེད་པ་དང་བཟའ་༌ཟླ་དབྱངས་ཅན་ལྷ་མོའི་དཔྱི་རུས་ལ་ནད་ཕོག་ཅིང་ནད་བཅོས་ཐེངས་མང་བྱས་ཀྱང་བཅོས་མ་ཐུབ་པས་ངལ་རྩོལ་ནུས་པ་རྩ་བ་ནས་ཤོར་བ་རེད། ཁོ་གཉིས་ལ་ཕྲུ་གུ་གཉིས་ཡོད་དེ་གཅིག་ཁྲེང་ཏུའུ་ཡི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། གཅིག་འབའ་ཐང་རྫོང་དུ་མཐོ་འབྲིང་འདོན་བཞིན༌་ཡོད། ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་ཅི་ཡང་མེད་པ་རེད། སྔོན་ཆད་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ལས་ཀའི་ནང་གྲོང་མི་འདི་བཀོད་མེད། ཧྲུའུ་ཅི་དང་པོ་ཡོན་ལིའང་གིས་གནས་ཚུལ་དེར་རྒྱུས་ལོན་བྱས་རྗེས། མྱུར་དུ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། རྫོང་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་ལ་ཉི་མ་ཚང་ཐེངས་འདིའི་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུའི་ནང་འཇོག་པའི་རེ་འདུན་ཞུས་པ་དང་། ཚེ་ཆུ་གྲོང་སྡེའི་དུད་ཚང་ཞིག་གི་ཁང་པའི་རྒྱབ་ཕྱོགས་སུ་ཆུ་འགོག་གི་གྱང་རྩིག་དང་ཆུ་འབུད་ཡུར་བུ་མེད་པའི་ཕྱིར་ཆར་ཆུ་ཁང་པའི་ནང་སིམ་ནས་མངོན་མེད་རྐྱེན་ངན་གྱི་ཉེན་ཁ་ཆེན་པོ་བཟོས་པ་རེད། ཧྲུའུ་ཅི་དང་པོ་ཝང་ཕིང་གིས་དེ་མ་ཐག་གནས་ཚུལ་དེ་གྲོང་སྡེའི་ཏང་ཨུ་དང་སྲིད་གཞུང་ལ་ཞུས། གྲོང་སྡེའི་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཆུ་བེད་ཅུས་ལ་ཨར་འདམ་སྟེར་རོགས་ཞུས་པར་མ་ཟད། གྲོང་སྡེའི་ཡུལ་མི་ངལ་ལས་ནང་ཞུགས་ནས་ཆུ་འགོག་གྱང་རྩིག་དང་ཆུ་འབུད་ཡུར་བུ་བསྐྲུན་བཅུག་པ་རེད། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པ་དང་། གྲོང་མི་ལ་ཆུ་འབུད་ཡུར་བུ་རྐོ་བ། རྫས་ལུད་རྫིང་བུ་རྐོ་བ་སོགས་བྱེད་ཆེད། ཨར་ལས་རུ་ཁག་དང་མཐུན་སྦྱོར་བྱས་ནས་འགྲོ་སྒོ་ཁྲི་བརྒྱད་ཡས་མས་གྲོན་ཆུང་དུ་བཏང་བ་དང་། དབུལ་སྐྱོར་གནད་སྨིན་དང་། དབུལ་བྲལ་གནད་སྨིན་གྱི་ལས་ཀར་སྐུལ་སྤེལ་གཏོང་ཆེད་ཧྲུའུ་ཅི་དང་པོས་གྲོང་མིའི་དུད་ཚང121ལ་འཚམས་འདྲི་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།