ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྕགས་ཟམ་རྫོང་མཚོ་གཉིས་ཤང་ཏེང་ཡིའུ་ཧྥང་གྲོང་སྡེའི་ཡུལ་མིས་ལག་ཁྱེར་ཁ་པར་ཁྱེར་ནས་དགའ་སྤྲོའི་ངང་སྨྱུག་འཛིན་པ་ལ་འདི་ཡོད་དུས་གྲོང་སྡེར་དོན་དག་གང་ཡོད་ན་དུས་ཐོག་ཏུ་ཤེས་ཐུབ། སྔོན་མར་གྲོང་སྡེའི་གནས་ཚུལ་འགའ་ཤེས་དགོས་ན་ལས་སླ་མོ་ཞིག་མ་རེད། གལ་སྲིད་ཚོགས་འདུ་ཞིག་རྩ་འཛུགས་བྱ་དགོས་ན་ཡང་ཞིང་ལས་ལ་བཀག་འགོག་ཐེབས་ཀྱི་ཡོད། གྲོང་སྡེའི་ལས་བྱེད་པ་དུད་ཚང་དུ་ཕྱིན་ནས་དྲིལ་བསྒྲགས་བྱས་ནའང་ཞིང་ལས་ལ་བྲེལ་ནས་མི་བཙལ་ཐུབ་མིན་མི་ཤེས། ད་ལྟ་གྲོང་སྡེའི་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང༌་སྒོ་འབྱེད་ཟིན་རྗེས༌་ག་དུས་ཡིན་རུང་གྲོང་སྡེའི་གནས་ཚུལ་ཤེས་ཐུབ་པས་ང་ཚོར་ཧ་ཅང་སྟབས༌་བདེ་བྱས་པ་རེད་ཅེས་བཤད་པ་རེད།  

ཤེས་རྟོགས་བྱུང་བ་ལྟར་༌ན། ཉེ་ཆར། ལྕགས་ཟམ་རྫོང་མཚོ་གཉིས་ཤང་ཏེང་ཡིའུ་ཧྥང་གྲོང་སྡེ་དེ་ཞིང་ལས་འཛུགས་སྐྲུན་གྱི་འབྲེལ་འདྲིས་སྡེ་ཚན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན(ལྟ་ཞིབ་ཅུས)གྱི་རྒྱབ་སྐྱོར་དང་རོགས་རམ༌ཤུགས་ཆེན་འོག ཧྲུའུ་ཅི་དང་པོ་ཐང་ཅོན་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་འབད་བརྩོན་བྱས་པར་བརྒྱུད། ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ལས་སྟེགས་ཀྱི་སྒོ་ཕྱེ་ནས་གྲོང་སྡེ་དེའི་ལས་དོན་དང་ནོར་དོན། འབྲེལ་ཡོད་སྲིད་ཇུས་སོགས་ལས་དོན་གལ་ཆེན་དེ་ཚོ་འཕྲིན་ཐུང༌་བརྒྱུད་ནས་དུས་ཐོག་ཏུ་གྲོང་སྡེ་ཡོངས་ཀྱི་དུད་ཚང110ཡི་གྲོང་མི་ལ་ཤེས་བཅུག་པ་དང་། གྲོང་མིས་ག་དུས་ཡིན་རུང་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ལ་བརྟེན་ནས་གྲོང་སྡེའི་གནས་ཚུལ་སྣ་ཚོགས་ཤེས་ཐུབ་པས། གྲོང་མི་རང་ཉིད་ཀྱི་ཤེས་རྟོགས་བྱེད་དབང་དང་ཞུགས་དབང་། ལྟ་སྐུལ་བྱེད་དབང་བཅས་ལ་དེ་བས་འགན་ལེན་ནུས་ལྡན་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།