ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྨྱུག་འཛིན་པས་དར་མདོ་གྲོང་ཁྱེར་གྱི་ལས་གཞི་སྐུལ་འདེད་ལྟེ་གནས་ནས་ཤེས་རྟོགས་བྱུང་དོན། གྲོང་ཁྱེར་དེའི་ར་རྔ་ཁ་གྲོང་རྡལ་གྱི་ཞིང་སྡེའི་རྒན་གསོ་ཁང་གི་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་ཤིང་བེད་སྤྱོད་གཏོང་གྲབས་ཡོད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་ཁྲི375གཏོང་འཇོག་བྱས་ནས་སྨི་གྲུ་བཞི1500ལྡན་པའི་སྡོད་ཁང་གསར་པ་བསྐྲུན་པ་རེད། ལས་གྲྭ་གཙོ་བོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་གྱི་རྣམ་པ་ལྡན་པའི་ཕྱོགས་བསྡུས་ཐོག་ཁང་སུམ་བརྩེགས་ཅན་ཞིག་ཡིན། རྒན་གསོ་ཁང་དུ་ཉལ་ཁྲི60ཡོད་པ་དང་བྱེད་ནུས་ཆ་ཚང་ལྡན་ལ། ཟ་ཁང་དང་། གཙང་སྦྲ་ཁང་། རིག་གནས་རོལ་རྩེད་ཁང་། ཁང་རྒྱབ་ཀྱི་བྱེད་སྒོ་སྤེལ་ཁང་སོགས་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ཡོད། གཙོ་བོ་གཅིག་བསྡུས་ཀྱིས་ར་རྔ་ཁ་གྲོང་རྡལ་དང་འགག་པ་ཤང་སོགས་རྒྱུ་ལའི་ནུབ་རྒྱུད་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་ཞིང་སྡེའི་འགན་ལེན་ལྔ་ཡི་རྒན་འཁོགས་རྣམས་གསོ་ཚགས་བྱེད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།