ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཞིང་ཆེན་གྱིས་རང་ཁུལ་དུ་འབྲུ་མཛོད་ཆུང་ཆུང་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཚད129300སྤྲད་ཡོད། ཁུལ་དང་རྫོང(གྲོང་ཁྱེར)སྲིད་གཞུང་གི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཁག་གི་ཐུན་མོང་དུ་འབད་བརྩོན་དང་ཤང་དང་གྲོང་རྡལ་གྱི་རྒྱབ་སྐྱོར་དང་རོགས་རམ་འོག ཁྱོན་བསྡོམས་འབྲུ་མཛོད་ཆུང་ཆུང129620གཏོང་སྤྲོད་བྱས་ཤིང་ཚད་ལས་བརྒལ་ནས་ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་བྱེད་པའི་ཆེད་གཉེར་ཨར་ལས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་པ་རེད།  ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་བྱེད་པའི་ཆེད་གཉེར་ཨར་ལས་ཀྱི་འཛུགས་སྐྲུན་ལས་གཞི་ཡག་པོ་བསྒྲུབ་ཆེད། རང་ཁུལ་གྱི་རྫོང་(གྲོང་ཁྱེར)སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་ཏེ། ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་རེད། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཞིང་ཆེན་འབྲུ་རིགས་ཅུས་དང་ལས་གཞི་སྤེལ་ཡུལ་རྫོང་(གྲོང་ཁྱེར)རིམ་པའི་མི་དམངས་སྲིད་གཞུང་དང་ལས་ཀའི་འགན་འཁྲི་ཡི་གེ་བཞག་སྟེ། ལས་གཞིའི་འགན་འཁྲི་དང་། ལས་ཀའི་ལས་གཞི། ལས་གཞི་ལག་བསྟར་བྱ་རྒྱུ་བཅས་གསལ་པོ་བྱས་པར་མ་ཟད། 《2015ལོའི་ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་བྱེད་པའི་ཆེད་གཉེར་འཛུགས་སྐྲུན་ལས་ཀའི་ལག་བསྟར་འཆར་འགོད》གཏན་འབེབས་བྱས་ནས། ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་བྱེད་པའི་ཆེད་གཉེར་འཛུགས་སྐྲུན་ལས་ཀ་དེ་རིམ་པ་དེ་གའི་སྲིད་གཞུང་གི་དམངས་འཚོ་ལས་གྲྭ་ལག་བསྟར་བྱེད་པའི་ནང་བཞག་ནས་གཙོ་གནད་སྐུལ་འདེད་བཏང་བ་དང་། ལག་བསྟར་བྱེད་རིང་དུ་ལས་གཞི་སྤེལ་ཡུལ་རྫོང་(གྲོང་ཁྱེར)འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱིས་ལས་ཀ་དེར་ཧ་ཅང་མཐོན་ཆེན་བྱས་པར་མ་ཟད། ཤང་དང་གྲོང་རྡལ་སོ་སོར་ཕྱིན་ནས་ཡོངས་ཁྱབ་ཏུ་བརྟག་དཔྱད་མཐིལ་ལོན་བྱས། ཞིང་དུད་ཀྱི་འབྲུ་རིགས་གསོག་ཉར་བྱེད་པའི་གནས་ཚུལ་དང་དགོས་མཁོ་ལ་གཞིགས་ཤིང་། བལྟོས་བཅས་སུ་གཅིག་བསྡུས་ཡིན་པ་དང་ཆ་རྐྱེན་ཚང་བ། ཧུར་སེམས་རང་བཞིན་ཆེ་བ། དཔལ་འབྱོར་གྱི་དངོས་ཤུགས་ངེས་ཅན་ཡོད་པའི་ཞིང་པའི་དུད་ཚང་དེ་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་ཉར་ལས་གཞི་ལག་བསྟར་བྱེད་ཕྱོགས་ཏུ་གདམ་ག་བྱས་ནས། ཤང་སྲིད་གཞུང་དང་འབྲུ་མཛོད་ཆུང་ཆུང་འཛུགས་སྐྲུན་བྱེད་པའི་ལས་གཞིའི་གན་རྒྱ་བཞག་ནས། རྫོང་(གྲོང་ཁྱེར)ནས་ཤང་བར་ཚང་མར་ལས་གཞི་དེར་འགན་ཁུར་མཁན་ཡོད་པར་ཁག་ཐེག་བྱས་ཏེ་ཨར་ལས་ཀྱི་ལས་གཞི་ལེགས་འགྲུབ་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཡོངས་ཀྱིས་ཤེས་ཐུབ་པའི་ཆེད་དུ། རྫོང་(གྲོང་ཁྱེར)འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱིས་ཆེད་བསྐོས་མི་སྣ་སྒྲིད་འཛུགས་བྱས་ཏེ་ཤང་དང་གྲོང་རྡལ། ཚོ་ཆུང་། དུད་ཚང་སོགས་ལ་མངགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་། འཕྲེད་འགེལ་དྲིལ་བསྒྲགས་སྦྱར་ཡིག གསོ་སྦྱོང་གྲོས་ཚོགས་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་བྱས་པ་རེད། འབྲུ་མཛོད་ཆུང་ཆུང་ཁྱབ་སྤེལ་གཏོང་བའི་ལས་ཀ་དེས་ཞིང་པའི་དུད་ཚང་གི་ཚན་རིག་དང་མཐུན་པའི་འབྲུ་རིག་གསོག་འཇོག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། ཞིང་པའི་དུད་ཚང་གི་སྲོལ་རྒྱུན་གྱི་འབྲུ་རིགས་གསོག་འཇོག་བྱེད་སྟངས་ལ་འཕོ་འགྱུར་བཏང་ནས། འབྲུ་རིགས་འབུ་དང་བྱི་བས་རྨུག་པ་དང་། རུལ་སུངས་སུ་འགྱུར་བ་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས། ཁུལ་ཡོངས་སུ་འབྲུ་མཛོད་ཆུང་ཆུང129620ཡིས་སྔོན་དཔག་བྱས་ན་འབྲུ་རིགས་གྱོང་གུན་ཐེབས་ཚད་རྒྱ་མ་ཁྲི160ཡན་ཉུང་དུ་གཏོང་ཐུབ་པ་དང་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི300ཙམ་ཉུང་དུ་གཏོང་ཐུབ་རྒྱུ་རེད།།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།