ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བ12པའི་ཚེས14ནས15ཉིན་གྱི་བར། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་དཔེ་སྐྲུན་ཅུས། ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་དཀར་མཛེས་ཁུལ་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དེ་དུང་དཀར་ལུང་པར་སྤེལ་བ་རེད།

ཐེངས་འདིའི་འགྲན་བསྡུར་ཐོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་མི་རིགས་སློབ་འབྲིང་། ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན། རྒྱལ་བསྟན་ཕན་བདེ་སྨན་ཁང་སོགས་ཀྱི་སློབ་མ་དང་གྲྭ་བཙུན་གཙོས་པའི་བྲིས་ལ་དགའ་ཞེན་ཅན་རྣམས་ཀྱི་དབུ་ཅན་དང་དབུ་མེད་སོགས་བྲིས་སྣ་མི་འདྲ་བའི་བརྩམས་ཆོས300ལྷག་བསྡུས་ཤིང་། དེ་ལས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་མཁན་དཔྱད་འདེམས་པ་རྣམས་ཀྱིས་ཞིབ་བརྟག་དང་དཔྱད་བརྗོད་བྱས་མཐར་བྲིས་ཀྱི་ཨང་དང་པོའི་བྱ་དགའ2དང་། གཉིས་པ6། གསུམ་པ8བཅས་དང་། དེ་བཞིན་སྐུལ་སློང་བྱ་དགའ་བཅས་བསྡོམས་པའི་བྲིས་གཟུགས150ལྷག་ལ་དཔྱད་བདམས་བྱས་པ་རེད།

འགྲན་བསྡུར་གྲོས་ཚོགས་སུ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་མཁན་རྣམས་ཀྱིས་ཡུལ་དངོས་སུ་བྲིས་གཟུགས་ཀྱི་འགྱུར་རྩལ་མངོན་པ་དང་། བྲིས་ཀྱི་བརྩམས་ཆོས་དག་ཀྱང་འགྲེམ་སྟོན་བྱས་པ་རེད། དུང་དཀར་ལུང་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཡུལ་མི་རྣམས་ཀྱང་འཚང་ཁ་ཤིག་ཤིག་གིས་འགྲེམ་སྟོན་ཁང་དུ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་ལ་རྒྱུས་ལོན་དང་ལྟ་སྐོར་བྱེད་དུ་ཡོང་བ་རེད།

 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།