ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ལྕགས་ཟམ་རྫོང་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་ཀའི་གྲོས་ཚོགས་འཚོགས་ཤིང་། ཁྱོན་ཡོངས་ནས་རྫོང་དེའི་མ་འོངས་ལོ་ལྔའི་ཐུམ་འབུ་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀ་བཀོད་སྒྲིག་བྱས་པ་དང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ནུས་ཤུགས་གང་ཡོད་ཀྱིས་ཕྱོགས་བསྡུས་འགོག་བཅོས་ལས་ཀ་སྤེལ་ནས། ཐུམ་འབུའི་ནད་མཆེད་པར་ཚོད་འཛིན་ནུས་ལྡན་བྱས་ཏེ་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱས་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ཟམ་རྫོང་གིས་དམངས་ཀྱི་འཚོ་བ་ལེགས་བཅོས་དང་དམངས་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་ས་བྱས་ནས། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་ཀ་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་ཟུང་འབྲེལ་དམ་ཟབ་བྱས་ཤིང་། བཅའ་ཁྲིམས་ལྟར་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་འགོག་བཅོས། རྒྱུད་རིམ་ལྡན་པའི་སྒོས་འགོག་བཅོས། མཉམ་འགོག་མཉམ་བཅོས་བཅས་ཀྱི་བླང་བྱ་ལྟར། འབྱུང་འགྱུར་ལོ་ལྔའི་རིང་གཅིག་གྱུར་གྱིས་ནུས་ཤུགས་འདོན་ཞིང་། རྒྱུན་མཐུད་དང་ནུས་ལྡན་གྱི་སྒོས་ཁྱི་ལ་ཚད་ལྡན་དོ་དམ་བྱ་རྒྱུ་དང་། ཕྱུགས་རྒྱུད་བར་རིམས་ནད་ཕན་ཚུན་མཆེད་པར་ཚོད་འཛིན་བྱ་རྒྱུ་དང་བྱི་རིགས་གསད་རྒྱུ། འཐུང་ཆུ་ཉེན་མེད་ཡོང་བ། དམངས་ཡོངས་ལ་བདེ་ཐང་སློབ་གསོ་བྱ་རྒྱུ། གཅིག་བསྡུས་གཙང་བཤེར་སྨན་བཅོས་དང་དབུལ་སྐྱོར་རོགས་སྐྱོབ། དགོན་པར་ཐུམ་འབུའི་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་ཀྱི་ཆེད་གཉེར་བྱ་སྤྱོད་ལས་ཀ་དྲུག་སྤེལ་ཞིང་། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས་གཏོར་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས། 2017ལོར་ལོ6ནས12བར་སོན་པའི་ཕྲུ་གུར་ཐུམ་འབུའི་ནད་ཕོག་མཁན་གསར་དུ་ཐོན་ཚད་བརྒྱ་ཆ0.1མན་ཆད་ཆག་པ་དང་། ཁྱི་ཡིས་འགོས་ནད་མཆེད་ཚད་བརྒྱ་ཆ2མན་ཉུང་དུ་ཕྱིན་པའི་དམིགས་ཡུལ་འགྲུབ་ཐུབ་པར་བྱ་རྒྱུའོ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།