ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས8ཉིན་ཞིང་ཆེན་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟའི་ལས་ཀར་སྐུལ་འདེད་ཧུར་ཐག་གིས་སྤེལ་བའི་བརྡ་ཐོ་བཀྲམ་ནས། རང་ཁུལ་གྱི་ལི་ཐང་རྫོང་དང་རང་རེའི་ཞིང་ཆེན་གྱི་རྫོང་དང་ཆུས་ཁག9རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟའི་རྫོང་ནང་ཚུད་པ་དང་། བདམས་ཐོན་གྲངས་ཚད་རྒྱལ་ཡོངས་ཀྱི་ཨང་བཞི་པ་ཡིན་པ་རེད། ད་ལོའི་ཟླ་བ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་སུའུ་ཉིང་གློག་ཆས་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ། ལོ་གསུམ་ནང་ཚུན་དུ་ཞིང་ཆེན་དང་ཆུས། གྲོང་ཁྱེར་བཅས་ཀྱི་དབུལ་ཕོངས་རྫོང་ཁག104ལ་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཉམས་ཞིབ་བྱ་རྒྱུ་རེད། རྫོང་དང་ཆུས9ལ་ད་དུང་ཕྱོགས་གཉིས་ཀའི་གྲོང་གསེབ་ཀྱི་གློག་ཚོང་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་མཉམ་ལས་ཀྱི་རྒྱབ་སྐྱོར་ཐོབ་རེ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།