ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན་ཁུལ་ཨུའི་མང་ཚོགས་ཚོགས་པའི་ལས་དོན་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཞུགས་པར་མ་ཟད་གལ་ཆེ་བའི་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཡེ་ཤེས་ཟླ་བ། ཝང་དབྱང་། ཀྲང་ཧའོ་སོགས་གྲོས་ཚོགས་སུ་ཞུགས། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་ཡིས་ཚོགས་འདུའི་གཙོ་འགན་བཞེས།

ལིའུ་ཁྲེང་མིང་གིས་བསྟན་དོན། ཉེ་བའི་ལོར་ཁུལ་ཨུས་མང་ཚོགས་ཚོགས་པའི་ལས་ཀར་མཐོང་ཆེན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བཟང་ཆ་དང་ནུས་པ་འདོན་པར་དོ་ཁུར་བྱེད་པ་དང་། མང་ཚོགས་ལས་ཀ་ཁུལ་ཡོངས་ཀྱི་བཀོད་སྒྲིག་ཐོག་བཞག་ནས་དམ་འཛིན་དང་སྐུལ་འདེད་གཏོང་ཞིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་ཀ་སྒྲུབ་མཁན་གྱིས་རང་ཉིད་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་རང་རྟོགས་ཀྱིས་སྤྱི་ཡོངས་དང་འཕེལ་རྒྱས། མང་ཚོགས་བཅས་ལ་ཞབས་འདེགས་ཞུ་ཡོད། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། དཀའ་ངལ་ཆེ་ཞིང་ནུས་ཞན་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་པ། ཡ་རབས་ཀྱི་དར་སྲོལ་གསར་པ་འཛུགས་པ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་མོད། འོན་ཀྱང་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་རང་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་ཀ་དེ་ཏང་གི་བླང་བྱ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་དང་ཕན་ཚུན་བསྡུར་ན། དུས་རབས་ཀྱི་དགོས་མཁོ་བརྟན་པོར་འཛིན་པ་དང་མང་ཚོགས་ཚོགས་པའི་ལས་ཀའི་འགན་ནུས་འདོན་པར་ཧེ་བག་ཆེན་པོ་ཡོད། མང་ཚོགས་ཚོགས་པའི་རྩ་འཛུགས་རང་ཉིད་ཀྱི་འཛུགས་སྐྲུན་སོགས་ལ་མི་འདང་ས་ཡོད་པས། རིམ་པ་ཁག་གི་ཏང་ཨུས་ངེས་པར་དུ་མང་ཚོགས་ཚོགས་པའི་ལས་དོན་ལ་མཐོང་ཆེན་བྱས་ནས་ཏང་དང་མང་ཚོགས་ཚོགས་པའི་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་། ཏང་གིས་མང་ཚོགས་ཚོགས་པའི་ལས་དོན་ལ་སྣེ་ཁྲིད་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་བྱེད་པའི་དཔུང་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ནུས་ཤུགས་མཉམ་འདོན་བྱས་ནས་མང་ཚོགས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པའི་ཁོར་ཡུག་ཡག་མོ་ཞིག་ཆགས་པ་བྱ་དགོས།  ཞུས་ཁྲུན་ཞིའུ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་ཧྲུའུ་ཅི་ལིའུ་ཁྲེང་མིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་དང་གཅིག་གྱུར་ཡོང་བར་བྱ་དགོས་པ་དང་། སྔར་ལས་ལྷག་པར་མང་ཚོགས་ཚོགས་པའི་ལས་ཀར་ཡང་བསྐྱར་ངོས་འཛིན་དང་མང་ཚོགས་ཚོགས་པའི་ལས་ཀའི་སྒྲིལ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཚོགས་པའི་ལས་ཀའི་གྲུབ་འབྲས་ཆེ་རུ་བཏང་སྟེ། སྤྱོད་ཚུལ་དེ་བས་ནན་པོ་དང་དེ་བས་སྤྱོད་གོ་ཆོད་པོའི་བྱ་ཐབས་སྤྱད་དེ་ཁུལ་ཨུའི་སྤྱི་ཁྱབ་བཀོད་སྒྲིག་དོན་ཐོག་འཁྱོལ་བ་བྱས་ནས་ཧུར་ཐག་གིས་ཁུལ་ཡོངས་ཀྱི་བརྟན་བརླིང་འཕེལ་རྒྱས་ཐད་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས་ཞེས་ཐུགས་རེ་གནང་།  དར་མདོ་གྲོང་ཁྱེར་དང་དཔལ་ཡུལ་རྫོང་། འབའ་ཐང་རྫོང་། དར་མདོའི་གནམ་གྲུ་ཐང་གི་སྤྱི་གཉེར་ཁང་། དར་མདོའི་སློབ་འབྲིང་གི་འབྲེལ་ཡོད་འགན་ཁུར་གྲོས་ཚོགས་སུ་མང་ཚོགས་ཚོགས་པའི་ལས་ཀའི་ཐད་ལ་བསམ་བློ་བརྗེ་རེས་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།