ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉག་ཆུ་རྫོང་དབུལ་སྐྱོར་དང་གནས་སྤོལ་ཡུལ་མིའི་ལས་སྒྲུབ་ཅུས་ཀྱི་ལས་སྒྲུབ་མི་སྣ་རྫོང་དེའི་ཕུགས་པ་རོང་ཤང་འབྲི་ཟ་གྲོང་སྡེར་ཕྱིན་ནས་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ཀྱི་གནས་སྤོ་ཡུལ་མིའི་ཁ་གསབ་མ་དངུལ་སྤྲོད་པའི་སྔོན་དུ་གནས་སྤོ་ཡུལ་མིའི་སྡོད་ཁང་རྙིང་པ་བཤིག་ནས་རྩིས་ལེན་བྱེད་པའི་ལས་ཀ་སྤེལ་བ་རེད།  གནས་སྤོ་ཡུལ་མི་གནས་སྤོ་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་རིང་གི་མ་དངུལ་གྱི་གནོན་ཤུགས་ཞི་ལྷོད་དུ་གཏང་ཆེད། རྫོང་དབུལ་སྐྱོར་དང་གནས་སྤོ་ཡུལ་མིའི་ལས་སྒྲུབ་ཅུས་ཀྱིས་ཕྱོགས་མང་པོའི་ཐད་ནས་བརྩོན་ལེན་དང་མཐུན་སྦྱོར་བྱས་པར་བརྒྱུད། སྔོན་མར་གཏན་འཁེལ་བྱས་པའི་གནས་སྤོ་ཡུལ་མིའི་ཁ་གསབ་རོགས་དངུལ་ཁ་ཐོག་ལག་བསྟར་བྱས་པ་དང་། སྡོད་ཁང་གསར་པར་སྤོས་མཁན་དང་སྡོད་ཁང་རྙིང་པ་བཤིག་པའི་ཆ་རྐྱེན་དང་མཐུན་མཁན་ལ། ཐེངས་གཅིག་གིས་ལྷག་མའི་སྐྱིན་གསབ་མ་དངུལ་སྤྲད་པ་ལས་དེ་མིན་ལ་གནས་སྐབས་ཁ་ཐོག་ལག་བསྟར་བྱ་རྒྱུ་ཕྱིར་འཐེན་བྱ་རྒྱུ་རེད། བྱ་སྤྱོད་དེས་གནས་སྤོ་ཡུལ་མི་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པ་དང་སྡོད་ཁང་རྙིང་པ་བཤིག་པའི་ཧུར་ཐག་རང་བཞིན་ཇེ་ཆེར་ཕྱིན་པ་རེད། མིག་སྔའི་བར་དུ་ཉག་ཆུ་རྫོང་གི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ཀྱི་གནས་སྤོ་ཡུལ་མིའི་སྐྱིན་གསབ་མ་དངུལ་སྒོར་དུང་ཕྱུར4.8ཁ་ཐོག་ལག་བསྟར་བྱས་པ་དང་། དུད་ཚང356གི་མི་གྲངས1059ཡུལ་མི་གནས་སྤོ་བྱེད་སའི་ས་ཚུགས་སུ་སྤོས་ཟིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།