ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བ12པའི་ཚེས3ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དར་མདོར་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་གྲོས་ཚོགས་ལ་ཞུགས་པའི་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་རྡོ་རྗེ་རབ་བརྟན་ལྷན་ཕེབས་ལ་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་ཀས་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ནགས་ལས་འཕེལ་རྒྱས་སོགས་ཀྱི་ལས་ཀར་གྲོས་མོལ་བྱས།  ལིའུ་ཁྲེང་མིང་གིས་རྡོ་རྗེ་རབ་བརྟན་ལྷན་ཕེབས་ལ་རང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་ལ་དམིགས་ནས་དབུལ་སྐྱོར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཡོང་བར་གཙོ་བོ་བྱས་ཤིང་། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་དམ་པོ་བཟུང་ནས་དབུལ་སྐྱོར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུགས། སྔོན་དུ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཐོར་འདེགས་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱ་རྒྱུ་སོགས་ཀྱི་ལས་ཀ་བྱེད་ཕྱོགས་ངོ་སྤྲད་བྱས་པས་མ་ཚད། ཁོང་གིས་ད་དུང་ཞིང་ཆེན་ནགས་ལས་ཐིང་གིས་ཡུན་རིང་པོར་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ནགས་ལས་འཕེལ་རྒྱས་ཐད་ཁྲིད་སྟོན་དང་རྒྱབ་སྐྱོར་ནུས་ལྡན་བྱས་བྱུང་། མུ་མཐུད་ནས་མ་དངུལ་དང་ལས་གཞི། ལས་སྒོ་བཅས་ལ་སྔ་ལས་ལྷག་པར་རྒྱབ་སྐྱོར་དང་གཟིགས་སྐྱོང་གི་སྲིད་ཇུས་གནང་རོགས་ཞུས་པ་རེད།  རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ནགས་ལས་ཐིང་གིས་ཀྱང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ལྟར་སྔར་ལྷག་གིས་དཀར་མཛེས་ཁུལ་ལ་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་པར་ཤུགས་བརྒྱབ་རྒྱུ་ཡིན་ཞེས་གསུངས།  ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཧྲུའུ་ཀུའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་སོགས་མཇལ་འཕྲད་གནང་བའི་ནང་ཞུགས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།