ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མི་རྒོད་མཚོ་ལྗོངས་ཁུལ་གྱི་ན་གཞོན་དང་བླངས་པའི་ཞབས་ཞུའི་རྟེན་གཞི་དངོས་སུ་སྒོ་བྱང་འགེལ་ནས་བཙུགས་པ་རེད། རྟེན་གཞི་དེར་ཡུལ་སྐོར་བར་ཡུལ་སྐོར་འདྲི་རྟོག་དང་ཡ་རབས་ཀྱི་ཡུལ་སྐོར་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོང་། མེ་འགོག་བདེ་འཇགས་བཅས་ཀྱི་དྲིལ་བསྒྲགས་བྱེད་ནུས་ཡོད་པ་རེད། སྒོ་བྱང་འགེལ་ཉིན་ལ་དར་མདོ་གྲོང་ཁྱེར་གྱི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་དང་བླངས་པ20ལྷག་ཙམ་དང་ལྗོངས་ཁུལ་གྱི་དོ་དམ་ཅུས་ཀྱི་ལས་སྒྲུབ་མི་སྣས་ལྗོངས་ཁུལ་དུ་ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་བྱེད་པ་ཞེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། པར་འདི་ནི་མི་རྒོད་མཚོ་ལྗོངས་ཁུལ་དུ་བཙུགས་པའི་ན་གཞོན་དང་བླངས་པའི་ཞབས་ཞུའི་རྟེན་གཞིའི་ཚན་པ་དང་པོའི་དང་བླངས་པ་དང་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ལས་སྒྲུབ་མི་སྣས་བྱེད་སྒོ་སྤེལ་རྗེས་དྲན་རྟེན་གྱི་པར་ལེན་བཞིན་པའི་ཚུལ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།